Skip to main content Skip to search
khri chen rgyal mtshan bzang po
ID:
T225485
  • ཁྲི་ཆེན་རྒྱལ་མཚན་བཟང་པོ (Tibetan, Tibetan script, Original)
    • > khri chen rgyal mtshan bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen gyaltsen zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡནཁྲི་ཐོག་བཅོ་བརྒྱད་པ)འཕན་ཡུལ་གྱི་མདའ་བྱེ་རི་སྟག་རྩེའི་སྟག་སྐྱ་བོའི་གྲོང་དུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་འཁྲུངས། རབ་ཏུ་བྱུང་ནས་གཞུང་ཆེན་པོའི་སློབ་གཉེར་གདན་ས་གང་དུ་མཛད་པའི་ལོ་རྒྱུས་མི་གསལ། རྒྱུད་སྨད་དུ་ཞུགས་ནས་རྩེ་པ་ཤེས་རབ་བཟང་པོ་དང༌། ཁྲི་ཆེན་རྒྱ༌ར་ཆོས་སྐྱོང་རྒྱ་མཚོ་གཉིས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། རྒྱ་ར་ཆོས་སྐྱོང་རྒྱ་མཚོའི་རྗེས་སུ་རྒྱུད་སྨད་མཁན་པོའི་ཁྲིར་ཕེབས་ནས་འཆད་ཉན་གནང་བཞིན་པའི་མུ་ནས་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་དོན་གཅིག་པ་རབ་བྱུང་དགུ་པའི་ཆུ་ཡོས(༡༥༤༣)ལོར་སྐུ་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བས་རྟེན་ངོ་མཚར་ཅན་མང་དུ་བྱོན། ལོ་རྒྱུས་སྐོར་འདི་ལས་ཞིབ་པ་ད་ཕན་མ་རྙེད་པས་འདིར་ཆ་ཚང་བར་བཀོད་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅོ་བརྒྱད་པ) འཕན་ཡུལ་གྱི་མདའ་བྱེ་རི་སྟག་རྩེའེ་སྟག་སྐྱ་བོའི་གྲོང་དུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ (༡༤༧༣) ལོར་འཁྲུངས། དགུང་ལོ་དོན་གཅིག་པ་རབ་བྱུང་དགུ་པའི་ཆུ་ཡོས (༡༥༤༣) ལོར་གཤེགས།

language:
Tibetan