Skip to main content Skip to search
khri chen ngag dbang chos kyi rgyal mtshan
ID:
T225487
  • ཁྲི་ཆེན་ངག་དབང་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
    • > khri chen ngag dbang chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen ngawang chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་སོ་བཞི་པ)རབ་བྱུང་བཅུ་པའི་ཤིང་ཕག་(༡༥༧༥)ལོར་འཕན་ཡུལ་མདར་འཁྲུངས། ཁྲི་ངག་དབང་ཆོས་གྲགས་ཀྱི་སྐྱེ་བར་གསལ་བས་གསལ་ཁང་སྐུ་སྐྱེར་གྲགས། རྒྱུད་སྨད་པའི་འཆད་༡ན་མཛད་བཞིན་པར་བྱང་རྩེར་ཕེབས། རྒྱུད་པ་དང་འབྲེལ་ཏེ་ཆོས་གསུངས། དགུང་ལོ་ང་གསུམ་པ་རབ་བྱུ;་བཅུ་གཅིག་པའི་མེ་ཡོས་(༡༦༢༧)ལོར་གསེར་ཁྲིར་ཕེབས། ལོ་ངོ་གསུམ་ཁྲིར་བཞུགས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བྱང་རྩེ་ཕུལ་ཏེ་རྗེ་ཡི་དངུལ་གདུང་སྟེང་གི་གསེར་ཏོག་རྒྱ་བསྐྱེད་པར་ཞུས་ཏེ་ཆོས་རྗེ་ཉིད་སླར་ཡང་རྒྱུད་ཀྱི་འཆད་ཉན་དུ་བཞུགས། (ཕྱིས་སུ་པཎ་ཆེན་དེ་ཉིད་ཀྱིས་ས་སྦྲུལ་(༡༦༢༩)ལོར་བཞེངས་སོ)ཁྲི་པ་འདིའི་འདས་ལོ་མི་གསལ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་སོ་བཞི་པ) རབ་བྱུང་བཅུ་པའི་ཤིང་ཕག (༡༥༧༥) ལོར་འཕན་ཡུལ་མདར་འཁྲུངས། ཁྲི་ངག་དབང་ཆོས་གྲགས་ཀྱི་སྐྱེ་བར་གསལ་བས་གསལ་ཁང་སྐུ་སྐྱེར་གྲགས། རྒྱུད་སྨད་པའི་འཆད་ཉན་མཛད་བཞིན་པར་བྱང་རྩེར་ཕེབས། རྒྱུད་པ་དང་འབྲེལ་ཏེ་ཆོས་གསུངས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས (༡༦༢༧) ལོར་གསེར་ཁྲིར་ཕེབས། ལོ་ངོ་གསུམ་ཁྲིར་བཞུགས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བྱང་རྩེ་ཕུལ་ཏེ་རྗེ་ཡི་དངུལ་གདུང་སྟེང་གི་གསེར་ཏོག་རྒྱ་བསྐྱེད་པར་ཞུས་ཏེ་རྗེ་ཡི་གདུང་སྟེང་གི་གསེར་ཏོག་རྒྱ་བསྐྱེད་པར་ཞུས་ཏེ་ཆོས་རྗེ་ཉིད་སླར་ཡང་རྒྱུད་ཀྱི་འཆད་ཉན་དུ་བཞུགས། (ཕྱིས་སུ་པཎ་ཆེན་དེ་ཉིད་ཀྱིས་ས་སྦྲུལ (༡༦༢༩) ལོར་བཞེངས་སོ) ཁྲི་པ་འདིའི་འདས་ལོ་མི་གསལ།

language:
Tibetan