Skip to main content Skip to search
khri chen ngag dbang chos grags
ID:
T225488
  • ཁྲི་ཆེན་ངག་དབང་ཆོས་གྲགས (Tibetan, Tibetan script, Original)
    • > khri chen ngag dbang chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen ngawang chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ང་བརྒྱད་པ)མདོ་སྨད་བྱ་ཁྱུང་གི་ཉེ་འདབས་མཚམས་རིང་བར་ཤར་དུ་རབ་བྱུང་བཅུ་གཉིས་པའི་མེ་ཕག(༡༧༠༧)ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་པ་མེ་ལུག་(༡༧༢༧)ལོར་དབུས་སུ་བྱོན་ནས་སེར་བྱེས་བསམ་བློ་ཁང་ཚན་དུ་ཆོས་ཞུགས་དང་སློབ་གཉེར་མཛད། རྗེ་བློ་བཟང་ཆོས་འཕེལ་དང༌། བྲག་རི་ངག་ཛབང་དོན་གྲུབ། ཁྲི་ཆེན་ངག་དབང་ཆོས་ལྡན། ཕུར་ལྕོག་ངག་དབང་བྱམས་པ། ཁྲི་ཆེན་རྒྱལ་མཚན་སེང་གེ། ཨ་ཀ་བསོད་ནམས་བཟང་པོ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན། དགེ་བཤེས་ལྷ་རམས་པ་ཐོན་འཕྲལ་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་མཛད་ཐོག རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ(༡༧༦༤)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཤིང༌། ཏ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འ། ཛིན་ཡང་མཛད། དགུང་ལོ་དོན་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་ཕག(༡༧༧༩)ལོར་སྐུ་གཤེགས། སྐུ་གདུང་ལ་རྟེན་ངོ་མཚར་ཅན་བྱོན་པ་རྣམས་མཆོད་རྟེན་ཞིག་བཞེངས་པ་སེར་བྱེས་གྲྭ་ཚང་དུ་བཞུགས། རྣམ་ཐར་མདོར་བསྡུས་ཤིག་གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ན]པར་ཤོག་གྲངས་ལྔ་ཡོད།

language:
Tibetan

2. Thupten Phuntsok Dictionary

(2) (དགའ་ལྡན་ཁྲི་ཐོག་ང་བརྒྱད་པ) མདོ་སྨད་བྱ་ཁྱུང་གི་ཉེ་འདབས་མཚམས་རིང་བར་ཤར་དུ་རབ་བྱུང་བཅུ་གཉིས་པའི་མེ་ཕག (༡༧༠༧) ལོར་སྐུ་འཁྲུངས། དགུང་ལོ་ཉེར་གཅིག་པ་མེ་ལུག (༡༧༢༧) ལོར་དབུས་སུ་བྱོན་ནས་སེར་བྱེས་བསམ་བློ་ཁང་ཚན་དུ་ཆོས་ཞུགས་དང་སློབ་གཉེར་མཛད། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ (༡༧༦༤) ལོར་དགའ་ལྡན་ཁྲིར་ཕེབས་ཤིང་། ཏཱ་ལའི་བླ་མ་སྐུ་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡང་མཛད། དགུང་ལོ་དོན་གཉིས་རབ་བྱུང་བཅུ་གསུམ་པའི་ས་ཕག (༡༧༧༩) ལོར་སྐུ་གཤེགས།

language:
Tibetan