Skip to main content Skip to search
khri chen ngag dbang chos 'phel
ID:
T225489
  • ཁྲི་ཆེན་ངག་དབང་ཆོས་འཕེལ (Tibetan, Tibetan script, Original)
    • > khri chen ngag dbang chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen ngawang chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་བདུན་ཅུ་པ)ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། ལྷ་སའི་བྱང་རྒྱུད་འདམ་ཁུལ་མར་རྐྱང་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག(༡༧༦༠)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག(༡༧༧༢)ལོར་འབྲས་སྤུངས་སྒོ་མང་ཧར་གདོང་ཁང་ཚན་དུ་ཆོས་ཞུགས་གནང༌། དགུང་ལོ་བཅོ་ལྔ་པ་ཤིང་རྟ(༡༧༧༤)ལོར་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་པ་ས་ཕག(༡༧༧༩)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སོ་བདུན་པ་མེ་འབྲུག(༡༧༩༦)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་གནང༌། ལོ་དེར་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་མཐར་ཕྱིན་པ་མཛད། སྔགས་རམས་པའི་མཚན་བཏགས་དང༌། དགེ་བསྐོས་བཅས་རིམ་བཞིན་མཛད། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས(༡༨༠༧)ལོར་རྒྱུད་སྨད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཐོག་མཁན་པོ་ཡང་ཆབས་ཅིག་ཏུ་མཛད། ཀུན་བདེ་གླིང་ཧོ་ཐོག་ཐུའི་ཡོངས་འཛིན་གནང༌། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ(༡༨༢༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་འཁྱོངས་པ་མཛད། ཁྲི་ལ་ཕེབས་ནས༌། ལོ་དྲུག་པ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། དགུང་ལོ་རེ་བརྒྱད་པ་མེ༌ཕག(༡༨༢༧)ལོར་སྟག་ལུང་བྲག་རི་ཁྲོད་ཕྱག་བཏབ། རྒྱུད་སྨད་མཁན་པོ་གནང་བ་ནས་བཟུང་སྐུ་ཚེའི་རིང་མདོ༌སྔགས་ཀྱི་ཆོས་བཀའ་མང་པོ་འཆད་སྤེལ་གནང༌། གསུང་རྩོམ་སྐོར། <<གསང་བ་འདུས་པའི་རྒྱུད་འགྲེལ་ལྡེ་མིག>>སོགས་པོད་གཅིག་ཡོད། དགུང་ལོ་བརྒྱད་ཅུ་པ་ས་ཕག་(༡༨༣༩)ལོར་སྐུ་གཤེགས། རྣམ་ཐར་སྐོར་རྗེ་ཉིད་ཀྱི་རང་རྩོམ་ཁ་བྱང་དུ<<དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་རང་གི་སྤྱོད་ཚུལ་འགའ་ཞིག་བརྗོད་པ་དགེ་ལྡན་རིང་ལུགས་རྒྱས་བྱེད>>དཔར་མ་ལ་ཤོག་གྲངས་གོ་གསུམ་ཡོད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བདུན་ཅུ་པ) ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། ལྷ་སའི་བྱང་རྒྱུད་འདམ་ཁུལ་མར་རྐྱང་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག (༡༧༦༠) ལོར་སྐུ་འཁྲུངས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ (༡༨༢༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་འཁྱོངས་པ་མཛད། དགུང་ལོ་བརྒྱད་ཅུ་པ་ས་ཕག (༡༨༣༩) ལོར་སྐུ་གཤེགས།

language:
Tibetan