- khri chen ngag dbang mchog ldan
- ID:
- T225490
- ཁྲི་ཆེན་ངག་དབང་མཆོག་ལྡན (Tibetan, Tibetan script, Original)
- > khri chen ngag dbang mchog ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > trichen ngawang chokden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
-
(དགའ་ལྡན་ཁྲི་ཐོག་ང་བཞི་པ)རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། མདོ་སྨད་གཅན་ཚ་ཡུལ་གྱི་ལེ་ལག་དཀར་མོ་ཕུག་ཏུ་ཡབ་ནང་སོ་ཕྱག་རྡོར་བཀྲ་ཤིས་དང་ཡུམ་སྦོ་ཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ(༡༦༧༧)ལོར་སྐུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བར་ཀུན་སྤྱོད་བཟང་ཞིང་མཁྱེན་རབ་ཀྱི་རྩལ་ཟླ་མེད་པ་ཞིག་སྟེ། ཡབ་ཡུམ་གཉིས་ལ་རབ་བྱུང་གནང་རྒྱུའི་ཐུགས་བཞེད་ཡོད་ཚུལ་གསུངས་པ་བཞིན་བྱ་ཁྱུང་དགོན་པར་མཁན་པོ་ངག་དབང་ཚུལ་ཁྲིམས་ཀྱི་དྲུང་དུ་གཙུག་ཕུད་ཕུལ་ནས་རབ་བྱུང་མཛད་པར་མཚན་ལ་ངག་དབང་མཆོག་ལྡན་ཞེས་གསོལ་ཞིང༌། དགེ་ཚུལ་གྱི་སྡོམ་པ་ཡང་མཁན་པོ་དེ་ཉིད་ཀྱི་དྲུང་ནས་བཞེས། ལོ་ཤས་བར་གཞུང༌། ཆེན་པོ་ལྔའི་རྩ་བ་ཐུགས་འཛིན་དང་བསྡུས་གྲྭ་ལ་སྦྱངས་པས་རིག་ལམ་ལ་མཁས་པར་གྱུར། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ལུག(༡༦༩༡)ལོར་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་བསམ་བློ་ཁང་ཚན་དུ་ཆོས་ཞུགས་མཛད། བསྡུས་གྲྭ་ནས་མཛོད་ཀྱི་བར་གཞུང་ཆེན་པོ་ལྔར་སྦྱངས་པ་མཐར་ཕྱིན་པ་མཛད། དགུང་ལོ་ཉི་ཤུ་པ་མེ་བྱི(༡༦༩༦)ལོར་གསང་ཕུར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དགུང་ལོ་ཉེར་ལྔ་པ་ལྕགས་སྦྲུལ(༡༧༠༡)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དེ་ནས་ཁྲེས་པོ་བསྣམས་ཏེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་མཇལ་བར་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་མཁན་ཆེན་དགེ་འདུན་ཕུན་ཚོགས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན་འིང༌། སྔགས་རམས་པའི་དམ་བཅའི་གྲྭ་སྐོར་ཡང་གནང༌། དགུང་ལོ་ཉེར་དགུ་པ་ཤིང་བྱ་(༡༧༠༥)ལོར་རྒྱུད་པའི་དགེ་བསྐོས་ཀྱི་ཁུར་བའེས། དེ་ནས་ཡབ་ཡུམ་གཉིས་ནས་ནན་གྱིས་བསྐུལ་བ་བཞིན་རང་ཡུལ་དུ་ཕེབས་ནས་ལོ་ངོ་བཞི་ཙམ་བཞུགས་དགོས་བྱུང༌། དགུང་ལོ་སོ་གསུམ་པ་ས་གླང(༡༧༠༩)ལོར་སླར་ཡང་དབུས་སུ་ཕེབས་ནས་རྒྱུད་གྲྭར་མུ་མཐུད་ནས་ཆོས་སྒྲིགས་གནང༌། དགུང་ལོ་སོ་བའི་པ་ལྕགས་སྟག(༡༧༡༠)ལོར་ས་གནས་སྲིད་གཞུང་གིས་མངའ་རིས་མཐོ་ལྡིང་དགོན་པའི་མཁན་པོར་བསྐོས་པ་བའིན་ཕེབས་ནས་ལོ་བདུན་གྱི་རིང་ཆོས་སྲིད་གཉིས་ཀའི་ཐོག་ནས་འཛིན་སྐྱོང་ལེགས་པར་གནང༌། སྔ་རྗེས་སུ་པཎ་ཆེན་རིན་པོ་ཆེ་དང༌། རྒྱུད་སྨད་མཁན་ཆེན་དགེ་འདུན་ཕུན་ཚོགས། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། དགུང་ལོ་ཞེ་གསུམ་པ་ས་ཕག(༡༧༡༩)ལོར་རྒྱུད་སྨད་གྲྭ་ཚང་ཀི་མཁན་པོའི་ཁྲིར་ཕེབས། མཁན་པོ་ལོ་བཅུ་མཛད་རིང་ཆོས་འཆད་ཉན་གྱི་མཛད་སྒོ་གོང་འཕེལ་ཐོག དེ་སྔོན་རྒྱུད་སྨད་དུ་གསང་འདུས་དང་འཇིགས་བྱེད་གཉིས་ཀྱི་སྒྲུབ་མཆོད་མ་གཏོགས་བདེ་མཆོག་གི་སྒྲུབ་མཆོད་མཛད་སྲོལ་མེད་པར་བརྟེན་རྗེ་འདིས་གསར་འཛུགས་ཐོག དེའི་མཐུན་རྐྱེན་ཆོས་གཞིས་ས་གནས་སྲིད་གཞུང་ལ་ཞུ་གནང་མཛད་པ་བའིན་གླང་རའི་གཞིས་ཀ་ཕུལ། དགུང་ལོ་ང་གཉིས་པ་ས་སྤྲེལ(༡༧༢༨)ལོར་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཕེབས་ཏེ། གསང་སྔགས་ཀྱི་དབང་ཁྲིད། ལུང༌། མན་ངག་ཐམས་ཅད་ཆ་ཚང་བར་འབུལ་གནང་གིས་ལོ་ངོ་ཉི་ཤུ་རྩ་བཞིའི་རིང་ཡོངས་འཛིན་གྱི་ཁུར་བཞེས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་ལུག(༡༧༣༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགའ་ལྡན་ཁྲི་པའི་མཛད་སྒོ་གལ་ཆེའི་རིགས་སྔར་རྒྱུན་ཐོག དབུས་གཙང་ཁམས་གསུམ་སོག་ཡུལ་བཅས་ནས་དད་འདུས་ཀྱི་སློབ་མ་རྣམས་ལ་རང་རང་གི་རེ་འདོད་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་རྒྱུན་ཆད་མེད་པར་གནང་བས་ཞལ་སློབ་ནི་གྲངས་ལས་འདས། ཁྲི་ལོ་བདུན་གཙང་ནས་ལོ་ཤས་རིང་པོ་ཏཱ་ལར་རྒྱུན་བཞུགས་མཛད་མུར། རྒྱལ་དབང་མཆོག་ལ་རྭ་སྒྲེང་དགོན་པ་རྒྱུན་བཞུགས་གནང་ཡུལ་དུ་གསོལ་སྩལ་ཡོང་བའི་རེ་འདུན་ཞུ་གནང་ལྟར་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་རྭ་སྒྲེང་རིན་པོ་ཆེ་ཞེས་མཚན་འབོད་ཞུ་ཀསོལ་བྱུང༌། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(༡༧༥༡)ལོར་རྭ་སྒྲེང་དགོན་པར་ཕེབས་ཏེ་སྐུ་གཤེགས། རྣམ་ཐར་སྐོར། ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེས་མཛད་པ་ཁ་བྱང་དུ<<དགའ་ལྡན་ཁྲི་རིན་པོ་ཆེ་ནོ་མིན་ཧན་གྱི་རྣམ་ཐར་མཁའ་སྤྱོད་གྲུབ་པའི་གཏམ་སྙན་ལྷའི་རྔ་བོ་ཆེ>>ཤོག་གྲངས་གོ་གཉིས་ཡོད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས་ཤིང༌། དེ་ལས་བསྡུས་པ། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[༡]པར་ཤོག་གྲངས་བཅུ་གཉིས་ཡོད། སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས། ལི་ཐང་དུ་རབ་བྱུང་བཅུ་གསུམ་པའི་ས་ཡོས(༡༧༥༩)ལོར་སྐུ་འཁྲུངས་ཏེ་དགུང་ལོ་ང་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག(༡༨༡༥)ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་རབ་བྱུང་བཅུ་བཞི་པའི་མེ་གླང(༡༨༡༧)ལོར་འཁྲུངས་ཏེ་རབ་བྱུང་བཅུ་བའི་པའི་ཆུ་ཕག(༡༨༦༣)ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རབ་བྱུང་བཅོ་ལྔ་པའི་ཆུ་བྱི(༡༩༡༢)ལོར་སྐུ་འཁྲུངས། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་(༡༩༤༧)ལོར་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་དང་འགལ་ཟླར་གྱུར་པའི་ནང་དབྱིན་ཇིར་དགའ་མཁན་ཕྱོགས་ཁག་གིས་སྐུ་བཀྲོངས་ཟེར། སྐུ་ཕྲེང་དྲུག་པ་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག་རབ་བྱུང་བཅུ་དྲུག་པའི་ས་བྱི(༡༩༤༨)ལོར་སྐུ་འཁྲུངས་ཏེ་རབ་བྱུང་བཅུ་བདུན་པ་མེ་གླང(༡༩༩༧)ལོར་སྐུ་གཤེགས།
- language:
- Tibetan
-
འོན་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསན། དགུང་ལོ་ང་བཞི་པ་ཆུ་བྱི(༡༧༣༢)ལོར་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་དང༌། ལྷ་བཙུན་ནང་སོ་བསོད་ནམས་དར་རྒྱས་གཉིས་ནས་མདོ་སྨད་ཕྱོགས་སུ་གདན་དྲངས་པ་ལྟར་ཕེབས། རེབ་གོང་དགོན་ཆེན་གྱི་ཁྲིར་བཞུགས་ནས་ལོ་བཅུ་གཉིས་རིང་ཆོས་སྲིད་གཉིས་ཀའི་སྒོ་ནས་ལེགས་པར་བསྐྱངས་ཤིང༌། མདོ་སྔགས་ཀྱི་ཆོས་བཀའ་ཡང་རྒྱ་ཆེར་སྩལ་བས་ཞལ་སློབ་གྲགས་པ་ཅན་མང་དུ་བྱོན། <<བསྡུས་གྲྭའི་རྣམ་བཞག་ལུང་རིགས་ཉི་མ>>ཞེས་ཡོངས་གྲགས་སུ་མཁན་ཆེན་བསྡུས་གྲྭར་འབོད་པ་དེ་སོགས་གསུང་རྩོམ་པོད་གཉིས་ལྷག་ཙམ་དཔར་ཡོད། དགུང་ལོ་གྱ་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ(༡༧༦༥)ལོར་སྐུ་གཤེགས། སྐུ་གདུང་རིལ་པོར་བཞུགས་པའི་བྱང་ཆུབ་མཆོད་རྟེན་མཁན་ཆེན་རང་ཉིད་ཀྱི་བླ་བྲང་དུ་བཞུགས། རྣམ་ཐར་སྐོར་བདེ་ཆེན་པཉི་ཏས་མཛད་པ་ཁ་བྱང་དུ<<དཔལ་ལྡན་བླ་མ་དམ་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཕྱོགས་ཙམ་བརྗོད་པ་འདོད་རྒུའི་འབྱུང་གནས་དཔག་བསམ་ལྗོན་ཤིང>>ཤིང་དཔར་ལ་ཤོག་གྲངས༤༦༦ཡོད་པ་དམ་པ་དེའི་གསུང་འབུམ་པོད་དང་པོའི་ནང་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ང་བཞི་པ) རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། མདོ་སྨད་གཅན་ཚ་ཡུལ་གྱི་ལེ་ལག་དཀར་མོ་ཕུག་ཏུ་ཡབ་ནང་སོ་ཕྱག་རྡོར་བཀྲ་ཤིས་དང་ཡུམ་སྦོ་ཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ (༡༦༧༧) ལོར་སྐུ་འཁྲུངས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་ལུག (༡༧༣༩) ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག (༡༧༥༡) ལོར་རྭ་སྒྲེང་དགོན་པར་ཕེབས་ཏེ་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་གཅན་ཚ་ངག་དབང་མཆོག་ལྡན་དང་མི་གཅིག་ཡིན་པས་དེ་ལ་གཟིགས་པར་ཞུའོ།།
- language:
- Tibetan