- khri chen ngag dbang snyan grags
- ID:
- T225492
- ཁྲི་ཆེན་ངག་དབང་སྙན་གྲགས (Tibetan, Tibetan script, Original)
- > khri chen ngag dbang snyan grags (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen ngawang nyendrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་རེ་དྲུག་པ)མདོ་སྨད་བྱ་ཁྱུང་ཁུལ་དུ་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུ་ཉེའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་མེ་སྟག(༡༧༤k)ལོར་འཁྲུངས། དགུང་ལོ་བཅུ་པར་བྱ་ཁྱུང་དརྒོན་པའི་ཆོས་སྒོར་ཞུཀས། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་ལུག(༡༧༦༣)ལོར་དབུས་སུ་ཕེབས། སེར་བྱེས་བསམ་བློ་ཁང་ཚན་དུ་ཆོས་ཞུགས་ཐོག་གྲྭ་ཚང་ཆོས་མཛད་ཀྱི་གོ་གནས་བཞེས་པས་སྐུ་ཕྲེང་རྗེས་མ་རྣམས་ལ་གཟིམས་ཁང་ཆོས་མཛད་སྤྲུལ་སྐུ་ཞེས་ཞུ་སྲོལ་བྱུང༌། གཞུང་ཆེན་མོའི་སློབ་གཉེར་ཐོན་ནས་དགུང་ལོ་སོ་གཉིས་པ་མེ་བྱ(༡༧༧༧)ལོར་དགེ་བཤེས་ལྷ་རམས་པ་གནང༌། དེ་ནས་རྒྱུད་སྨད་དུ་ཕེབས་ཏེ་གསང་སྔགས་ཀྱི་སློབ་གཉེར་གནང༌། དགུང་ལོ་སོ་དྲུག་པ་ལྕགས་གླང་(༡༧༨༡)ལོར་རྒྱུད་སྨད་ཀྱི་དགེ་བསྐོས་གནང༌། དགུང་ལོ་ཞེ་གཅིག་པ་མེ་རྟཕེ༡༧༨༦)ལོར་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དང༌། དགུང་ལོ་ཞེ་བདུན་པ་ཆུ་བྱི(༡༧༩༢)ལོར་རྒྱུད་སྨད་མཁན་པོ་དང༌། དགུང་ལོ་ང་བརྒྱད་པ་ཆུ་ཕག(༡༨༠༣)ལོར་བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་(༡༨༠༧)ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགུང་ལོ་རེ་དྲུག་པ་ལྕགས་ལུག(༡༨༡༡)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། དེ་རྗེས་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཆོའི་ཡོངས་འཛིན་ཀྱང་གནང༌། མདོ་སྔགས་ཀྱི་ཆོས་རྒྱུན་གསན་རྒྱ་དང་ཕྱག་བཞེས་ཉམས་མྱོང་ཕུན་སུམ་ཚོགས་པའི་ཐོག ཆོས་འཆད་སྤེལ་རྒྱུན་མི་ཆད་པར་གནང་བས་སློབ་མ་ཡང་གྲངས་ལས་འདས། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་བྱ(༡༨༢༥)ལོར་སྐུ་གཤེགས། དེ་རྗེས་སྐུ་ཕྲེང་འགའ་ཞིག་ཕེབས་ཆོད་འདུག་ཀྱང་ལོ་རྒྱུས་དཔྱད་གཞི་མ་རྙེད། རྣམ་ཐར་སྐོར་གོང་གསལ<<དཀའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཝ]པར་ཤོག་གྲངས་བཞི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་རེ་དྲུག་པ) མདོ་སྨད་བྱ་ཁྱུང་ཁུལ་དུ་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུ་ཉེའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་མེ་སྟག (༡༧༤༦) ལོར་འཁྲུངས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས (༡༨༠༧) ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་བྱ (༡༨༢༥) ལོར་སྐུ་གཤེགས།
- language:
- Tibetan