Skip to main content Skip to search
khri chen ngag dbang nor bu
ID:
T225493
  • ཁྲི་ཆེན་ངག་དབང་ནོར་བུ (Tibetan, Tibetan script, Original)
    • > khri chen ngag dbang nor bu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen ngawang norbu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་གྱ་གཅིག་པ)མདོ་སྨད་ཟུང་ཇུའི་ཁུལ་དུ་འཁྲུངས། འཕོ་བ་གྲོང་འཇུག་གནང་བའི་སྤྲུལ་སྐུ་ཡིན་ཚུལ<<དགའ་ལྡན་གསེར་ཀོང་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་རྣམ་ཐར>>ནང་གསལ། དགུང་ལོ་ཆུང་དུས་ཟུང་ཇུ་སེར་པོ་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་ཞུགས་མཛད། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་ཟུར་ཇུ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་ཆབས་ཅིག་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་མ། ཛད། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ(༡༨༦༠)ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཤིང༌། མི་རིང་བར་མཁན་པོ་ཡང་མཛད། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག(༡༨༧༡)ལོར་ཤར་རྩེ་ཆོས་རྗེའི་ཁྲི་དང༌། རབ་བྱུང་བཅོ་ལྔ་པའི་མེ་བྱི་(༡༨༧༦)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔའི་རིང་བསྐྱངས་ནས་ལྕགས་འབྲུག(༡༨༨༠)ལོར་སྐུ་གཤེགས། དེ་རྗེས་སྐུ་ཕྲེང་གཉིས་ཙམ་ཕེབས་ཚོད་ལ་ཁྲི་ངག་དབང་ནོར་བུ་ཞེས་ཞུ་གསོལ་འདུག ཁྲི་ཆེན་དེའི་རྣམ་ཐར<<རྗེ་བཙུན་ཁྲི་ཆེན་ངག་དབང་ནོར་བུའི་རྣམ་ཐར་སྲིད་ཞིའི་ལེགས་ཚོགས་གཏེར་མཛོད>>དབྱངས་ཅན་དགྱེས་རོལ་རྡོ་རྗེས་མཛད་པ་དཔེ་རིང་བྲིས་མ་ཤོག་གྲངས་སོ་དྲུག་ཡོད་པ་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ཁང་ནང་བཞུགས་ཀྱང་ཞིབ་ཆ་བལྟ་ལོང་མ་བྱུང་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་གྱ་གཅིག་པ) མདོ་སྨད་ཟུང་ཇུའི་ཁུལ་དུ་འཁྲུངས། རབ་བྱུང་བཅུ་ལྔ་པའི་མེ་བྱི (༡༨༧༦) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔའི་རིང་བསྐྱངས་ནས་ལྕགས་འབྲུག (༡༨༨༠) ལོར་སྐུ་གཤེགས།

language:
Tibetan