- khri chen ngag dbang tshul khrims
- ID:
- T225495
- ཁྲི་ཆེན་ངག་དབང་ཚུལ་ཁྲིམས (Tibetan, Tibetan script, Original)
- > khri chen ngag dbang tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen ngawang tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་རེ་གཅིཀ་པ)ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡིན། མདོ་སྨད་ཅོ་ནེའི་ཡུལ་གྱི་བྱེ་བྲག་དར་འོ་ཞེས་པར་ཡབ་ཆོས་སྐྱབས་དང་ཡུམ་ཚུལ་ཆེན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ཅོ་ནེ་དགོན་ཆེན་དུ་ཆོས་ཞུགས་ཐོག་འདོན་ཆོས་སྤྱོད་སྐོར་ཐུགས་འཛིན་གནང༌། དགུང་ལོ་ཉེར་གཉིས་པ་ཆུ་ཁྱི(༡༧༤༢)ལོར་བོད་དུ་འོངས་པའི་གྲྭ་རྒྱུན་ཀཞན་དག་དང་མཉམ་དུ་དབུས་སུ་ཕེབས། སེར་སྨད་གྲྭ་ཚང་དང་ཚ་རྡོར་ཁང་ཚན་དུ་སྒྲིགས་ཞུགས་གནང་ནས་ལོ་ངོ་བཅུ་བདུན་རིང་གཞུང་ཆེན་མོའི་སློབ་གཉེར་མཐར་ཕྱིན་པ་གནང༌། དགུང་ལོ་སོ་བརྒྱད་པ་ས་སྟག་(༡༧༥༨)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དེ་ནས་རྒྱུད་སྟོད་དུ་སྒྲིགས་ཞུགས་ཐོག་གསང་སྔགས་ཀྱི་སྐོར་ལ་སློབ་གཉེར་མཛད། དགུང་ལོ་སོ་དགུ་པར་རྒྱུད་པའི་དགེ་བསྐོས་གནང༌། དགུང་ལོ་བཞི་བཅུ་པ་ལྕགས་འབྲུག(༡༧༦༠)ལོར་བླ་མ་དབུ་མཛད་དང༌། དེའི་ཕྱི་ལོ་ནས་བླ་མ་དབུ་མཛད་དང་མཁན་པོ་ཟུང་འབྲེལ་གནང༌། དགུང་ལོ་ཞེ་གཉིས་པ་ཆུ་རྟ(༡༧༦༢)ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་མི་རིང་བར་རྒྱལ་བ་ཡབ་སྲས་གཉིས་ཀས་བཀའ་བཀོད་གནང་བ་ལྟར་པེ་ཅིན་གྱི་ཐམ་ཀ་བླ་མར་ཕེབས་དགོས་བྱུང༌། དགུང་ལོ་ང་བདུན་པ་མེ‘བྱ(༡༧༧༧)ལོར་བོད་ཀྱི་སྲིད་སྐྱོང་དེ་མོ་རིན་པོ་ཆེ་སྐུ་གཤེགས‘པའི་ཚབ་ཏུ་གོང་མ་ཆེན་ལུང་གིས་བསྐོ་གཞག་གནང་བ་ལྟར་ལྷ་སར་ཕེབས་ནས་བོད་ཀྱི་སྲིད་སྐྱོང་ལོ་ངོ་བཅུའི་བར་མཛད། སྲིད་སྐྱོང་གནང་བའི་ཕྱི་ལོ་རབ་བྱུང་བཅུ་གསུམ་པའི་ས་ཁྱི(༡༧༧༨)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐའ་འཁྱོལ་བར་མཛད། དགུང༌ལོ་རེ་དྲུག‘པ་མེ་རྟ(༡༧༨༦)ལོར་པེ་ཅིན་དུ་ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེ་སྐུ་གཤེགས་པའི་སྐུ་ཚབ་ཏུ་ཕེབས་དགོས་ཚུལ་གོང་མ་ཆེན་ལུང་གིས་བཀའ་ཕབ་པ་ལྟར་སླར་ཡང་པེ་ཅིན་དུ་ཕེབས་ནས་ལོ་ངོ་དྲུག་བར་བཞུགས་ཏེ་ཆོས༌སྲིད་གཉིས་ཀའི་མཛད་པ་རླབས་ཆེན་བསྐྱངས། དེའི་རིང་ལ་བོད་དུ‘གོར་ཥས་བཙན་འཛུལ་དམག་འཁྲུགས་བསླང་འགོ་ཚུགས་ཤིང༌། བོད་ཀྱི་ལས་དོན་ལ་འཐུས་ཤོར་ཆེན་པོ་བྱུང་བར་བརྟེན་བཀའ་ཤག་ནས་གོང་མ་ཆེན་ལུང་ལ་ཚེ་སྨོན་གླིང་ཧོ་ཐོག་ཐུ་བོད་ཀྱི་སྲིད་སྐྱོང་ལས་དོན་མཛད་རྒྱུར་གཏོང་གནང་ཡོང་བའི་སྙན་ཞུ་ཕུལ་བ་ལྟར། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོར་བོད་དུ་ཕེབས་ནས་སྲིད་སྐྱོང་ལས་དོན་ཟླ་བ་ཁ་ཤས་མཛད་ནས་ལོ་རྗེས་མའི་ལོ་འགོར་གཤེགས། སྐུ་གདུང་རིལ་པོར་བཞུགས་པའི་མཆོད་རྟེན་ཐོག་ཚད་ལོངས་པ་ཞིག་སེ་ར་བཤད་སྒྲུབ་གླིང་བླ་བྲང་གི་ཤོད་ཚོམས་ཆེན་དུ་བཞུགས། རྣམ་ཐར་རྒྱས་པ་སེར་སྨད་དད་པ་མཁན་པོ་བློ་བཟང་ཐུགས་རྗེས་མཛད་པ། ཁ་བྱང་དུ<<ཁྲི་ཆེན་ཆོས་ཀྱི་རྒྱལ་པོ་ནོ་མིན་ཧན་ས་མ་ཏི་པཝི་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་དད་པའི་སྒོ་འབྱེད>>སྟོད་ཆ་དང་སྨད་ཆ་བསྡོམས་པའི་ལེ་ཚན་བཅུ་གསུམ་ཡོད་པ་པོད་གཉིས་ཡོད། རྣམ་ཐར་བསྡུས་པ། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[བ]པར་ཤོག་གྲངས་སོ་དགུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་རེ་གཅིག་པ) ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་དང་པོ་ཡིན། མདོ་སྨད་ཅོ་ནེའི་ཡུལ་གྱི་བྱེ་བྲག་དར་འོ་ཞེས་པར་ཡབ་ཆོས་སྐྱབས་དང་ཡུམ་ཚུལ་ཆེན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་གླང (༡༧༢༡) ལོར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ཅོ་ནེ་དགོན་ཆེན་དུ་ཆོས་ཞུགས་ཐོག་འདོན་ཆོས་སྤྱོད་སྐོར་ཐུགས་འཛིན་གནང་། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི (༡༧༩༠) ལོར་བོད་དུ་ཕེབས་ནས་སྲིད་སྐྱོང་ལས་དོན་མཛད་ཟླ་བ་ཁ་ཤས་མཛད་ནས་ལོ་རྗེས་མའི་ལོ་འགོར་སྐུ་གཤེགས།
- language:
- Tibetan