Skip to main content Skip to search
khri chen chu bzang pa ngag dbang chos grags
ID:
T225497
  • ཁྲི་ཆེན་ཆུ་བཟང་པ་ངག་དབང་ཆོས་གྲགས (Tibetan, Tibetan script, Original)
    • > khri chen chu bzang pa ngag dbang chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen chu zangpa ngawang chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ང་དགུ་པ)སྟོད་ལུང་ཆུ་བཟང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག(༡༧༡༠)ལོར་འཁྲུངས། སེར་སྨད་ཐེ་བོ་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་པོར་སྦྱངས་པ་ལེགས་པར་མཛད། དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ལ་སློབ་གཉེར་གནང་སྟེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་ཞེ་གཉིས་པ་ལྕགས་ཡོས(༡༧༧༡)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་ངོ་གཅིག་ཙམ་བསྐྱངས་ནས་དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག(༡༧༧༢)ལོར་སྐུ་གཤེགས། སྐུ་གདུང་མཆོད་རྟེན་ཐེ་བོ་ཁང་ཚན་དུ་བཞུགས། རྣམ་ཐར་སྐོར་གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[པ]པར་ཤོག་གྲངས་བརྒྱད་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ང་དགུ་པ) སྟོད་ལུང་ཆུ་བཟང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག (༡༧༡༠) ལོར་འཁྲུངས། སེ་ར་སྨད་ཐེ་བོ་ཁ་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་པོར་སྦྱངས་པ་ལེགས་པར་མཛད། དགུང་ལོ་ཞེ་གཉིས་པ་ལྕགས་ཡོས (༡༧༧༡) ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་ངོ་གཅིག་ཙམ་བསྐྱངས་ནས་དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག (༡༧༧༢) ལོར་སྐུ་གཤེགས།

language:
Tibetan