Skip to main content Skip to search
khri chen chos kyi bshes gnyen
ID:
T225498
  • ཁྲི་ཆེན་ཆོས་ཀྱི་བཤེས་གཉེན (Tibetan, Tibetan script, Original)
    • > khri chen chos kyi bshes gnyen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen chö kyi shenyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའལྡན་ཁྲི་ཐོག་བཅུ་གསུམ་པ)སྟོད་ལུང་མདར་རབ་བྱུང་བརྒྱད་པའི་ཆུ་བྱ(༡༤༥༣)ལོར་འཁྲུངས། དགའ་ལྡན་དུ་ཕེབས་ནས་རྗེ་ཆོས་གྲགས་བཟང་པོ་ལས་རབ་བྱུང་བཞེས། འབྲས་སྤུངས་བློ་གསལ་གླིང་དུ་ཁྲི་ཆེན་ལྡན་མ་ཡེ་ཤེས་བཟང་པོ་དང༌། འཇམ་དབྱངས་དགའ་བའི་བློ་གྲོས་བསྟེན་ནས་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པར་མཛད། རྗེ་དགེ་འདུན་གྲུབ་པ་དང༌། ཁྲི་ཆེན་སྨོན་ལམ་དཔལ་བ་གཉིས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། འབྲས་སྤུངས་ཤག་སྐོར་གྲྭ་ཚང་དང༌། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་འཆད་ཉན་སློབ་དཔོན་གནང༌། སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ་ལས་སྒྲ་དང་སྙན་ངག་གསན། དགུང་ལོ་ལྔ་བཅུ་པ་རབ་བྱུང་བརྒྱད་པའི་ཆུ་ཁྱི(༡༥༠༢)ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་མེ་བྱི(༡༥༡༦)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་བར་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་པས། སློབ་མ་བསྟན་འགྲོའི་དོན་མཛད་ནུས་པ་མང་དུ་བྱུང༌། དགུང་ལོ་བདུན་ཅུ་པ་ཆུ་རྟ(༡༥༢༢)ལོར་ཁྲི་ཟུར་ནས་གཟིམས་ཁང་བདེ་བ་ཅན་དུ་བཞུགས། དགུང་ལོ་གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི(༡༥༤p)ལོར་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་ཤིག་ལས་མི་སྣང་བས་འདིར་ཆ་ཚང་བར་བཀོད་པ་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ) སྟོད་ལུང་མདར་རབ་བྱུང་བརྒྱད་པའི་ཆུ་བྱ (༡༤༥༣) ལོར་འཁྲུངས། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་མེ་བྱི (༡༥༡༦) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་བར་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དགུང་ལོ་གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི (༡༥༤༠) ལོར་སྐུ་གཤེགས།

language:
Tibetan