- khri chen chos grags bzang po
- ID:
- T225499
- ཁྲི་ཆེན་ཆོས་གྲགས་བཟང་པོ (Tibetan, Tibetan script, Original)
- > khri chen chos grags bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen chödrak zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ཉི་ཤུ་པ)དབུས་སྟོད་སྟགཕུ་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་རབ་བྱུང་བརྒྱད་པའི་ཆུ་གླང(༡༤༩༣)ལོར་འཁྲུངས། སྟག་ཕུ་ཆོས་སྡེར་རབ་བྱུང་མཛད། གཞུང་ཆེན་པོའི་སློབ་གཉེར་གྲྭ་ས་གང་དུ་མཛད་པའི་ལོ་རྒྱུས་མི་གསལ། གཞུང་ཆེན་སློབ་གཉེར་གྲུབ་ནས་རྒྱུད་སྨད་དུ་ཞུགས་ཏེ། རྒྱ་ར་ཆོས་སྐྱོང་རྒྱ་མཚོ་དང་ཆོས་རྗེ་རྒྱལ་མཚན་བཟང་པོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་ཆ་ཚང་བ་གསན་ནས་མཁས་པ་ཆེན་པོར་གྱུར། རྒྱུད་སྨད་ཀྱི་མཁན་པོའི་ཁྲིར་ཕེབས་ནས་འཆད་ཉན་གོང་འཕེལ་དུ་སྐྱོང་བཞིན་ཐོག བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་དྲུག་ཅུ་པ་རབ་བྱུང་དགུ་པའི་ཆུ་བྱི(༡༥༥༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བར་བསྐྱངས། དེ་ནས་ཟུར་བཞུགས་མཛད་དེ་ལོ་གཅིག་སོང་བ་དགུང་ལོ་རེ་བདུན་པ་རབ་བྱུང་དགུ་པའི་ས་ལུག(༡༥༥༩)ལོར་བདེ་ཆེན་གསང་སྔགས་མཁར་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་དངུལ་གདུང་བཞེངས་པའི་ནང་དུ་བཞུགས། ལོ་རྒྱུས་འདི་ལས་ཞིབ་པ་མ་རྙེད་པས་འདིར་ཆ་ཚང་བཀོད་པ་ལགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ཉི་ཤུ་པ) དབུས་སྟོད་སྟག་ཕུ་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ཞིག་ཏུ་རབ་བྱུང་བརྒྱད་པའི་ཆུ་གླང (༡༦༩༣) ལོར་འཁྲུངས། དགུང་ལོ་དྲུག་བཅུ་པ་རབ་བྱུང་དགུ་པའི་ཆུ་བྱི (༡༥༥༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བར་བསྐྱངས། རབ་བྱུང་དགུ་པའི་ས་ལུག (༡༥༥༩) ལོར་བདེ་ཆེན་གསང་སྔགས་མཁར་དུ་སྐུ་གཤེགས།
- language:
- Tibetan