Skip to main content Skip to search
khri chen 'jam dpal tshul khrims
ID:
T225500
  • ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས (Tibetan, Tibetan script, Original)
    • > khri chen 'jam dpal tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen jampal tsultrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་དོན་གཉིས་པ)གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སེར་བྱེས་གྲྭ་ཚང་དང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་རྒྱུད་སྨད་དུ་ཞུགས། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅུ་བཞི་པ་ལྕགས་སྟག(༡༨༣༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས(ཁྲི་ཆེན་འདིའི་སྐབས་སེར་བྱེས་སྦ་ཏི་ཁང་ཚན་གྱི་ཁོངས་གཏོགས་གཙང་པ་མི་ཚན་ལོགས་སུ་ཐོན་ནས་ཕྱེད་སེར་སྨད་དང་ཕྱེད་སེར་བྱེས་གྲྭ་ཚང་རང་འཇགས་ཐོག་གཙང་པ་ཁང་ཚན་ཟུར་དུ་བཙུགས་པ་ཡིན་ཞེས་གྲྭ་བགྲེས་འགའི་གསུང་རྒྱུན་ལ་སྣང)ཁྲི་ལོ་བདུན་གཙང་རྗེས་སྐུ་གཤེགས། རྣམ་ཐར་ངག་རྒྱུན་ཙམ་ལས་ཡི་གེར་འཁོད་པ་མི་སྣང༌།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་དོན་གཉིས་པ) གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པ་ལྕགས་སྟག (༡༨༣༠) ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་བདུན་གཙང་རྗེས་སྐུ་གཤེགས། རྣམ་ཐར་ངག་རྒྱུན་ཙམ་ལས་ཡི་གེར་འཁོད་པ་མི་སྣང་།

language:
Tibetan