Skip to main content Skip to search
khri chen 'jam dbyangs smon lam
ID:
T225502
  • ཁྲི་ཆེན་འཇམ་དབྱངས་སྨོན་ལམ (Tibetan, Tibetan script, Original)
    • > khri chen 'jam dbyangs smon lam (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen jamyang mönlam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་རེ་བདུན་པ)མདོ་ཁམས་མུ་ལིའི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་འཁྲུངས། དགུང་ལོ༌། བཅུ་བདུན་པ་མེ་ཁྱི(༡༧༦༦)ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྤོམ་འབོར་ཁང་ཚན་དུ་ཆོས་ཞུགས་ཐོག གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པར་མཛད་དེ་དགེ༌བཤེས་ལྷ་རམས་པ་ཐོན། རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་སློབ་གཉེར་གནང་སྟེ། རིམ་བཞིན་བླ་མ་དབུ་མཛད་དང་མཁན་པོའི་ཁྲིར་ཕེབས། མཁན་པོའི་མཛད་སྒོ་རྣམས་མཐར་ཕྱིན་པར་སྒྲུབ་རྗེས་ས་གནས་སྲིད་གཞུང་གིས་བཀའ་ཕབ་པ་ལྟར་པེ་ཅིན་དུ་ཕེབས་ནས་ཆོས་འཆད་ཉན་སོགས་ཀྱི་མཛད་པ་མང་པོས་ལོ་ཤས་བཞུགས་དགོས་བྱུང༌། དེ་རྗེས་བོད་དུ་ཕེབས་ནས་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་རེ་ལྔ་པ་ཤིང་ཁྱི(༡༨༡༤)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཀྱང་ཟླ་བ་གསུམ་ལས་མ་བཞུགས་པར་སྐུ་གཤེགས། རྣམ་ཐར་སྐོར་གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཞ]པར་ཤོག་གྲངས་བཅུ་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་རེ་བདུན་པ) མདོ་ཁམས་མུ་ལིའི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ (༡༧༥༠) ལོར་འཁྲུངས། དགུང་ལོ་རེ་ལྔ་པ་ཤིང་ཁྱི (༡༨༡༤) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཀྱང་ཟླ་བ་གསུམ་ལས་མ་བཞུགས་པར་སྐུ་གཤེགས།

language:
Tibetan