Skip to main content Skip to search
khri chen 'jam dbyangs shes rab legs pa'i blo gros
ID:
T225504
  • ཁྲི་ཆེན་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས (Tibetan, Tibetan script, Original)
    • > khri chen 'jam dbyangs shes rab legs pa'i blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen jamyang sherab lekpé lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ)ལྷོ་ཁ་ཨེ་ཡི་ཕྱོགས་སུ་རབ་བྱུང་བརྒྱད་པའི་ལྕགས་རྟ(༡༤༥༠)ལོར་འཁྲུངས། ཨེ་བླ་འབྲིང་ཆོས་སྡེར་བླ་མ་བསོད་ནམས་རྒྱ་མཚོའི་དྲུང་ནས་རབ་བྱུང་བཞེས། གསང་ཕུའི་སློབ་དཔོན་ཤེས་རབ་བཀྲ་ཤིས་དང༌། རྗེ་དགེ་འདུན་གྲུབ་པ། སློབ་དཔོན་ཆོས་སྐྱོང་བ། སློབ་དཔོན་གནས་བརྟན་པ། རྒྱུད་པ་ཤེས་རབ་བཟང་པོ་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། གསང་ཕུ་ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་ཙམ་རིང་གཞུང་ཆེན་པོ་ལྔའི་བཤད་པ་མཛད་པས་སློབ་མ་མཁས་གྲགས་ཅན་མང་དུ་བྱོན། དགུང་ལོ་ང་བདུན་པ་མེ་སྟག(༡༥༠༦)ལོར་བྱང་རྩེའི་ཁྲིར་ཕེབས་ཤིང༌། དགུང་ལོ་རེ་གཉིས་པ་རབ་བྱུང་དགུ་པའི་ལྕགས་ལུག(༡༥༡༡)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་དྲུག་གི་རིང་བསྐྱངས། དགུང་ལོ་རེ་བརྒྱད་པ་ས་སྟག(༡༥༡༨)ལོར་སྐུ་གཤེགས། ལོ་རྒྱུས་སྐོར། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི<<བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན>>ལས་གསལ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ) ལྷོ་ཁ་ཨེ་ཡི་ཕྱོགས་སུ་རབ་བྱུང་བརྒྱད་པའི་ལྕགས་རྟ (༡༤༥༠) ལོར་འཁྲུངས། དགུང་ལོ་ང་བདུན་པ་མེ་སྟག (༡༥༠༦) ལོར་བྱང་རྩེའི་ཁྲིར་ཕེབས་ཤིང་། དགུང་ལོ་རེ་གཉིས་པ་རབ་བྱུང་དགུ་པའི་ལྕགས་ལུག (༡༥༡༡) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་དྲུག་གི་རིང་བསྐྱངས། དགུང་ལོ་རེ་བརྒྱད་པ་ས་སྟག (༡༥༡༨) ལོར་སྐུ་གཤེགས།

language:
Tibetan