- khri chen rje dbon blo bzang nyi ma
- ID:
- T225505
- ཁྲི་ཆེན་རྗེ་དབོན་བློ་བཟང་ཉི་མ (Tibetan, Tibetan script, Original)
- > khri chen rje dbon blo bzang nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen jé wön lo zang nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་དགུ་པ)མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་ཙོང་ཁ་པའི་སྐུ་ཚ་ཞིག་གི་སྲས་སུ་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོར་འཁྲུངས། སྐུ་གཞོན་ནུའི་དུས་ནས་དབུས་སུ་བྱོན། བླ་མ་བྱང་རྒྱལ་བ། ཀུན་མཁྱེན་མུས་སྲད་པ། མཁས་པ་གྲགས་པ་འོད་ཟེར་བཅས་བསྟེན་ནས་གཞུང་ཆེན་པོ་ལྔར་སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར། གསང་ཕུར་དཀའ་ཆེན་བའིའི་གྲྭ་སྐོར་མཛད་ཅིང༌། རྭ་བ་སྟོད་ཀྱི་འཆད་ཉན་སློབ་དཔོན་མཛད། དེ་ནས་བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དེ་ནས་དབུས་སུ་ཕེབས་པར་སྣེའི་རྫོང་དཔོན་དཔལ་འབྱོར་རྒྱལ་པོས་རེ་བསྐུལ་ཞུས་པ་ལྟར་འབྲས་སྤུངས་ཀྱི་མཁན་པོ་མཛད། དགུང་ལོ་ཞེ་གསུམ་པ་ལྕགས་གླང(༡༤༨༡)ལོར་གསང་ཕུ་གླིང་སྨད་ཀྱི་མཁན་པོ་མཛད། དགུང་ལོ་ང་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི(༡༤༩༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་གསུམ་གྱི་བར་བསྐྱངས། དགུང་ལོ་ང་བཞི་པ་རབ་བྱུང་བརྒྱད་པའི་ཆུ་བྱི(༡༤༩༢)ལོར་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང>>དཔར་མའི་ཤོག་གྲངས༣༧༣པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་དགུ་པ) མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་ཙོང་ཁ་པའི་སྐུ་ཚབ་ཞིག་གི་སྲས་སུ་རབ་བྱུང་བདུན་པའི་ས་ལུག (༡༤༣༩) ལོར་འཁྲུངས། སྐུ་གཞོན་ནུའི་དུས་ནས་དབུས་སུ་བྱོན། བླ་མ་བྱང་རྒྱལ་བ། ཀུན་མཁྱེན་མུས་སྲད་པ། མཁས་པ་གྲགས་པ་འོད་ཟེར་བཅས་བསྟེན་ནས་གཞུང་ཆེན་པོ་ལྔར་སྦྱངས་པ་མཛད་པས་མཁས་པ་ཆེན་པོར་གྱུར། དགུང་ལོ་ང་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི (༡༤༩༠) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་གསུམ་གྱི་བར་བསྐྱངས། དགུང་ལོ་ང་བཞི་པ་རབ་བྱུང་བརྒྱད་པའི་ཆུ་བྱི (༡༤༩༢) ལོར་སྐུ་གཤེགས།
- language:
- Tibetan