Skip to main content Skip to search
khri chen stag lung brag pa blo gros rgya mtsho
ID:
T225506
  • ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ (Tibetan, Tibetan script, Original)
    • > khri chen stag lung brag pa blo gros rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen taklung drakpa lodrö gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་སུམ་ཅུ་པ)རབ་བྱུང་དགུ་པའི་མེ་རྟ(༡༦༠༦)ལོར་སྟོད་ལུང་མདའི་སྟག་ལུང་བྲག་ཏུ་འཁྲུངས། སྐྱོར་མོ་ལུང་དུ་རབ་ཏུ་བྱུང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་དུ་གྲགས། གུང་རུའི་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྩ་བའི་ཡོངས་འཛིན་དུ་བསྟེན་ཅིང༌། དེ་ཉིད་ཀྱི་གསུང་རྒྱུན་ཕལ་ཆེར་ཡི་གེར་འགོད་པར་མཛད། གཞན་ཡང་སྟག་ཚང་རྭ་བ་སྟོད་དུ་ཚད་མ་ལ་སྦྱངས་ཤིང༌། དེ་རྗེས་རྭ་སྟོད་མཁན་པོའང་མཛད། <<འཇམ་བཞད་ཀྱི་སྐབས་བརྒྱད་པར>>གྲྭ་ཚང་འདི་ཡི་བླ་མ་གོང་མ་ཀུན་གྱི་རྣམ་བཤད་གཉིས་ཀ་བསྒྲིགས་ཤིང༌། དེ་བཞིན་དུ་དུས་ཕྱིས་ཀྱི་དགེ་བཤེས་སྟག་ལུང་གྲགས་པ་དོམ་འབྲུག་སོགས་ཀྱང་མཛད་འདུག་པ་བཞིན། ཁོ་བོས་དཀའ་གནད་འདི་དག་གཡས་འཇོག་བྱས་པ་མ་བཟོད་ནས་བྲིས་ཞེས་འཇམ་བཞད་གོང་མས་ཀྱང་ཆེས་ཆེར་བསྔགས་འོས་ཀྱི་སྒོ་མང་དགེ་བཤེས་གྲགས་ཅན་ནོ། སྐྱོར་མོ་ལུང་གི་དགེ་བཤེས་རྒྱུན་ཆད་པ་ཡང་རྗེ་འདིས་སླར་གསོས། བྱང་རྩེ་གྲྭ་ཚང་སླར་གསོས་ཏེ་ཐོས་བསམ་གླིང་དུ་བཏགས། བདུན་ཅུའི་སྟེང་རབ་བྱུང་བཅུ་པའི་ཤིང་ལུག(་༡༥༩༥)ལོར་གསེར་ཁྲིར་འཁོད་དེ་མཚན་སྙན་གྱིས་ཁྱབ། མདོ་སྔགས་ཀྱི་རྩོམ་པ་མང༌། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ(༡༦༡༨)ལོར་གཤེགས། སློབ་མ་ཁྲི་དཀོན་མཆོག་ཆོས་འཕེལ་སོགས་མང༌།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་སུམ་ཅུ་པ) རབ་བྱུང་དགུ་པའི་མེ་རྟ (༡༥༤༦) ལོར་སྟོད་ལུང་མདའི་སྟག་ལུང་བྲག་ཏུ་འཁྲུངས། སྐྱོར་མོ་ལུང་དུ་རབ་ཏུ་བྱུང་། བདུན་ཅུའི་སྟེང་རབ་བྱུང་བཅུ་པའི་ཤིང་ལུག (༡༥༩༥) ལོར་གསེར་ཁྲིར་འཁོད་དེ་མཚན་སྙན་གྱིས་ཁྱབ། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ (༡༦༡༨) ལོར་གཤེགས།

language:
Tibetan