- khri chen bstan 'dzin legs bshad
- ID:
- T225508
- ཁྲི་ཆེན་བསྟན་འཛིན་ལེགས་བཤད (Tibetan, Tibetan script, Original)
- > khri chen bstan 'dzin legs bshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen tendzin lek shé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡནཁྲི༌ཐོག་སོ་དྲུག་པ)ཀོང་པོ་བཀྲ་ཤིས་རབ་བརྟན་དུ་འཁྲུངས། །དྭགས་པོ་བཤད་སྐྲུབ་གླིང་དུ་གཞུང་ཆེན་པོར་སྦྱངས་ཏེ་མཁས་པར་གྱུར། རབ་བྱུང་བཅུ་གཅིག་པའི་ས་སྟག་(༡༦༣༨)ལོར་གསེར་ཁྲིར་ཕེབས་ཀྱང་ཀོང་པོ་བ་རྣམས་དགའ་ལྡན་ཤར་བྱང་གང་མོས་ལས་ཀྲིག་ཅར་མེད་པ་དང༌། །འདི་པ་རྩེ་ཤར་ཐུན་མོང་བ་ཡིན་སྟབས། ཁྲི་ལོ་བདུན་སོང༌། བ་ན་དེའི་རྗེས་ཐོག་ཏུ་ཤར་པ་ནས་ངེས་ཅན་མི་དགོས་ཞེས༌སྨྲས་པའི་རྐྱེན་དབང་གིས་ཤར་པས་ཁྲི་བཙན་འཕྲོག་དང༌། །ཁྲི་པ་རང་ཡང་ཁམས་དཔལ་འབར་དུ་བྲོས་སྟབས་ཀྱིས་ཕེབས་པས་ཡུན་རིང་མ་བཞུགས་ཤིང་མཆོད་སྡོང་དཔལ་འབར་དགོན་དུ་བཞུགས། འདི་ནས་བཟུང་སྡེ་སྲིད་གཙང༌། པས་རྩེ་ཤར་ཀྱི་བླ་མ་རེས་མོས་ཀྱིས་གསེར་ཁྲིར་བཞུགས་པ༌དང༌། ལོ་བདུན་ངེས་ཅན་དུ་བྱེད་པར་གཏན་འབེབས་བྱས། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་ཤིག་ནས་དེ་གར་སོར་གནས་ཐོག རྒྱུད་གྲྭ༌གཉིས་ཀྱི་མཁན་བླ་རིམ་པར་བརྒྱུད་དགོས་རྒྱུ་དང༌། །སྐབས་མཚམས་སུ་གཞུང་འབྲེལ་བསྐོ་གཞག་བསྐྱངས་ཏེ་ཁྲི༌འདོན་དང་པོ་རྒྱལ་བའི་ཕོ་བྲང་ནང་དང༌། དེ་རྗེས་དགའ༌ལྡན་དུ་གནང་རྒྱུ་བཅས་ཀྱི་སྲོལ་ཚུགས། དགའ་ལྡན་ཁྲི་འདོན་གོང་དུ་གཙང་ཐོག་ཅེས་པའི་གྲོང་ཁྱིམ་ཞིག་ཏུ་སྔོན་རྗེ་རིན་པོ་ཆེ་དགའ་ལྡན་དུ་བཞུགས་སྐབས་གསོལ་ཞིབ་འཐག་བྱེད་རང་འཐག་ཆུང་ངུ་བཀོལ་ཟད་ཅན་གཞུང་གི་དམ་འབྱར་མ་ཞིག་ཡོད་འདུག་པ་དུས་དེར་གཞུང་ནས་ཆེད་བཏང་གི་འབྲུ་ཡོས་ཚད་ཅན་འཁྱེར་བའི་རྩེ་ཞབས་ཀྱི་དམ་ཕྲུག་བཤིགས་ཏེ། ཁྲི་ལས་ཐོག་པས་ཕྱག་བསྟར་ཏེ་གསོལ་ཞིབ་བཏགས་པར་མང་ཉུང་ཇི་ཐོན་གྱིས་མཚན་མ་རྟོག་སྲོལ་ཡང་དུས་སྐབས་དེར་བྱུང་བར་སྣང་ངོ༌། །
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་སོ་དྲུག་པ) ཀོང་པོ་བཀྲ་ཤིས་རབ་བརྟན་དུ་འཁྲུངས། དྭགས་པོ་བཤད་སྒྲུབ་གླིང་དུ་གཞུང་ཆེན་པོར་སྦྱངས་ཏེ་མཁས་པར་གྱུར། རབ་བྱུང་བཅུ་གཅིག་པའི་ས་སྟག (༡༦༣༨) ལོར་གསེར་ཁྲིར་ཕེབས།
- language:
- Tibetan