Skip to main content Skip to search
khri chen thub bstan nyin byed
ID:
T225510
  • ཁྲི་ཆེན་ཐུབ་བསྟན་ཉིན་བྱེད (Tibetan, Tibetan script, Original)
    • > khri chen thub bstan nyin byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen tubten nyinjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་གོ་གཉིས་པ)གཙང་ཁུལ་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་དགེ་བཤེས་ལྷ་རམས་པ་ཐོན། དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ(༡༩༣༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས་རྗེས་ཟླ་བ་གསུམ་ནས་གཤེགས། དེ་རྗེས་ཡང་སྲིད་ངོས་འཛིན་ཞུས་པར་གཙང་པ་ཁྲི་སྤྲུལ་ཞེས་པ་ཞིག་ཁོ་བོ་གྲྭ་སར་སྡོད་སྐབས་མཇལ། ཁྲི་ཆེན་འདིའི་རྣམ་ཐར་ཟུར་འཁོད་ཀྱི་ཡིག་ཆ་མི་གསལ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་གོ་གཉིས་པ) གཙང་ཁུལ་དུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ (༡༩༣༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས་རྗེས་ཟླ་བ་གསུམ་ནས་གཤེགས།

language:
Tibetan