- khri chen dwags po tshe 'phel
- ID:
- T225514
- ཁྲི་ཆེན་དྭགས་པོ་ཚེ་འཕེལ (Tibetan, Tibetan script, Original)
- > khri chen dwags po tshe 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen dakpo tsé pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ང་གཉིས་པ)དྭགས་པོ་སྟོད་རྒྱུད་དུ་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ(༡༦༦༨)ལོར་སྐུ་འཁྲུངས། དྭགས་པོ་གྲྭ་ཚང་དུ་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་གནང་ནས་རྒྱུད་སྨད་དུ་བཞུགས་ཏེ་གསང་སྔགས་ཀྱི་སློབ་གཉེར་མཛད། བླ་མ་དབུ་མཛད་དང༌། མཁན་པོ་བརྒྱུད་བྱང་རྩེའི་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི(༡༧༣༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བཞི་བསྐྱངས་རྗེས་སྐུ་གཤེགས། རྣམ་ཐར་སྐོར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ལེ་ཚན[ཆ]པར་ཤོག་གྲངས་བརྒྱད་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ང་གཉིས་པ) དྭགས་པོ་སྟོད་རྒྱུད་དུ་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ (༡༦༦༨) ལོར་སྐུ་འཁྲུངས། དྭགས་པོ་གྲྭ་ཚང་དུ་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་གནང་ནས་རྒྱུད་སྨད་དུ་བཞུགས་ཏེ་གསང་སྔགས་ཀྱི་སློབ་གཉེར་མཛད། བླ་མ་དབུ་མཛད་དང་། མཁན་པོ་བརྒྱུད་བྱང་རྩེའི་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི (༡༧༣༠) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བཞི་བསྐྱངས་རྗེས་སྐུ་གཤེགས།
- language:
- Tibetan