Skip to main content Skip to search
khri chen bde ba can pa dge legs dpal bzang
ID:
T225515
  • ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང (Tibetan, Tibetan script, Original)
    • > khri chen bde ba can pa dge legs dpal bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trichen dewachenpa gelek pelzang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ)འོལ་ཁ་ཁུལ་གྱང་གསར་དུ་རབ་བྱུང་བརྒྱད་པའི་ཤིང་གླང(༡༥༠༥)ལོར་འཁྲུངས། རྒྱལ་བ་དགེ་འདུན་རྒྱ་མཚོདང་པཎ་ཆེན་བསོད་ནམས་གྲགས་པ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་གསན། གཞུང་ཆེན་པོའི་སློབ་གཉེར་གདན་ས་གང་དུ་མཛད་པའི་ལོ་རྒྱུས་མི་གསལ། མདོ་སྔགས་གཉིས་ཀྱི་སློབ་གཉེར་མཐར་ཕྱིན་ནས་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་དང་ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། <<བྱང་ཆུབ་ལམ་རིམ་ཆེན་མོ>>གཟབ་བཤད་དང༌། གཞན་ཡང་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་སྩལ་བཞིན་པའི་མུ་ནས། དགུང་ལོ་ང་བཞི་པ་རབ་བྱུང་དགུ་པའི་ས་རྟ(༡༥༥༨)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་གྱི་བར་འཆད་༡ན་གོང་འཕེལ་དུ་བསྐྱངས་རྗེས་གཟིམས་ཁང་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས། ཡོངས་གྲགས་སུ་ཁྲི་ཆེན་བདེ་བ་ཅན་པ་ཞེས་ཞུ་སྲོལ་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ཁྲི་ཆེན་འདིའི་དྲུང་ནས་བསྙེན་རྫོགས་དང་མདོ་སྔགས་ཀྱི་ཆོས་བཀའ་མང་པོ་གསན། ཁྲི་ཆེན་འདིས་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་དང་སྐྱིད་ཤོད་སྡེ་པ་བཀྲ་ཤིས་རབ་བརྟན་གཉིས་ལ་གསང་ཕུ་༡ག་རོང་གྲྭ་ཚང་དང༌། དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཟླ་འགྲིལ་བཏང་ནངགཞུང་ཆེན་པོའི་སློབ་གཉེར་འཕེལ་རྒྱས་ལེགས་པོ་ཡོང་བའི་སྙན་སྐུལ་དང་རེ་བདུན་ཞུ་གནང་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས(༡༥༦༧)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ངོ་མས་མཛད་ཅིང༌། གདུང་རུས་ལ་རྟེན་ངོ་མཚར་ཅན་བྱོན་པ་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། ལོ་རྒྱུས་སྐོར་འདི་ལས་ཞིབ་པ་མ་རྙེད་པས་འདིར་ཆ་ཚང་བར་བཀོད་ཡོད། །

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ) འོལ་ཁ་ཁུལ་གྱང་གསར་དུ་རབ་བྱུང་བརྒྱད་པའི་ཤིང་གླང (༡༥༠༥) ལོར་འཁྲུངས། དགུང་ལོ་ང་བཞི་པ་རབ་བྱུང་དགུ་པའི་ས་རྟ (༡༥༥༨) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་གྱི་བར་འཆད་ཉན་གོང་འཕེལ་དུ་བསྐྱངས་རྗེས་གཟིམས་ཁང་བདེ་བ་ཅན་དུ་ཟུར་བཞུགས་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས (༡༥༦༧) ལོར་སྐུ་གཤེགས།

language:
Tibetan