Skip to main content Skip to search
khri chen rdo rje bzang po
ID:
T225517
  • ཁྲི་ཆེན་རྡོ་རྗེ་བཟང་པོ (Tibetan, Tibetan script, Original)
    • > khri chen rdo rje bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trichen dorjé zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་བཅུ་བདུན་པ)མདོ་སྨད་མི་ཉག་གི་ཡུལ་དུ་རབ་བྱུང་བརྒྱད་པའི་ལྕགས་ཕག(༡༤༩༡)ལོར་འཁྲུངས། དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད་ཐོག་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་ཕྱིན་པར་མཛད་ནས་སེར་སྨད་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས། དེ་ནས་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་ཐུང་ཙམ་བཞུགས། དགུང་ལོ་ཞེ་དགུ་པ་རབ་བྱུང་དགུ་པའི་ས་ཕག(༡༥༣༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་ངོ་བརྒྱད་ཀྱི་རིང་ལེགས་པར་བསྐྱངས་ནས་གཟིམས་ཁང་བདེ་བ་ཅན་དུ་ཟུར་བཞུགས་མཛད། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་ཤིང་རྟ(༡༥༥༤)ལོར་ཐེ་བོ་དང་ལྡན་མ་གཉིས་འཁྲུགས་ཟིང་བྱུང་སྐབས་བར་འདུམ་ལ་ཕེབས་པར་མི་ཞིག་གིས་རྡོ་འཕངས་པ་དབུ་ལ་ཕོག་པའི་རྐྱེན་གྱིས་སྐུ་གཤེགས། ལོ་རྒྱུས་འདི་ལས་རྒྱས་པ་ད་ཕན་མ་རྙེད་པས་འདིར་ཆ་ཚང་བར་བཀོད་ཡོད་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅུ་བདུན་པ) མདོ་སྨད་མི་ཉག་གི་ཡུལ་དུ་རབ་བྱུང་བརྒྱད་པའི་ལྕགས་ཕག (༡༤༩༡) ལོར་འཁྲུངས། དགུང་ལོ་ཞེ་དགུ་པ་རབ་བྱུང་དགུ་པའི་ས་ཕག (༡༥༣༩) ལོར་དགའ་ལྡན་གྱི་ཁྲིར་ཕེབས། རབ་བྱུང་དགུ་པའི་ཤིང་རྟ (༡༥༥༤) ལོར་ཐེ་བོ་དང་ལྡན་མ་གཉིས་འཁྲུགས་ཟིང་བྱུང་སྐབས་བར་འདུམ་ལ་ཕེབས་པར་མི་ཞིག་གིས་རྡོ་འཕངས་པ་དབུ་ལ་ཕོག་པའི་རྐྱེན་གྱིས་སྐུ་གཤེགས།

language:
Tibetan