- khri chen nam mkha' bzang po
- ID:
- T225518
- ཁྲི་ཆེན་ནམ་མཁའ་བཟང་པོ (Tibetan, Tibetan script, Original)
- > khri chen nam mkha' bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen namkha zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ང་ལྔ་པ)མདོ་སྨད་ཉ་ཚང་སྡེ་བཅུའི་ནང་ཚན་དྷ་ཟུག་བྱ་བར་རབ་བྱུང་བཅུ་གཅིག་པའི་ཤིང་གླང(༡༦༨༥)ལོར་འཁྲུངས། འབྲས་སྤུངས་སྒོ་མང་གཞུང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་ཞེ་གཉིས་པ་མེ་རྟ(༡༧༢༦)ལོར་རྡོ་རམས་པའི་དགེ་བཤེས་ཐོན། དེ་རྗེས་རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ལ་སྦྱངས་པ་མཛད་དེ་རིམ་བའིན་བླ་མ་དབུ་མཛ་ད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག(༡༧༤༦)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་པའི་མཛད་སྒོ་གོང་འཕེལ་ཐོག་དད་འདུས་ཀྱི་སློབ་མ་མང་པོར་མདོ་སྔགས་ཀྱི་ཆོས་གང་ལ་གང་དགོས་འཕྲལ་འཕྲལ་དུ་གནང༌། ཁྲི་ལོ་ལྔ་སོང་མཚམས་བོད་ས་གནས་ཀྱི་སྲིད་འཛིན་འགྱུར་མེད་རྣམ་རྒྱལ་དང༌། མངའ་རིས་གུང་གཉིས་མི་མཐུན་པའི་འགལ་ཟླ་ཆེ་བར་བརྟེན་ཝང་འགྱུར་མེད་རྣམ་རྒྱལ་གྱིས་དམ་པ་འདི་ལ་མངའ་རིས་གུང་ཚར་གཅོད་པའི་དྲག་ལས་མཛད་དགོས་ཞུས་པར་མ་གསན་པའི་རྐྱེན་གྱིས་ལྕགས་རྟ(༡༧༥༠)ལོར་དགའ་ལྡན་ཁྲི་པའི་གོ་གནས་ནས་ཕབ་པའི་བཀའ་བཏང་བར་དེ་འཕྲལ་དགེ་འདུན་རྣམས་ལ་བཀའ་ཆོས་ཐ་མ་གནང་སྟེ་ཁྲི་ཐོག་ཁང་ནས་ཐེ་བོ་ཁང་ཚན་དུ་ཕེབས་འཕྲལ་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཧ]པར་ཤོག་གྲངས་བདུན་ཡོད། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་ཟམ་ཚ་ཁྲི་ཆེན་ཞེས་ཞུ་ཞིང༌། སྐུ་ཕྲེང་གཉིས་པ་འཇིགས་མེད་ནམ་མཁའ་བན་མུག་ཛ་སག་ཤོག་གི་ས་ཆར་ཡབ་ཇེ་སང་ངག་དབང་བསྟན་འཛིན་དང༌། ཡུམ་མ་མའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱི(༡༧༦༨)ལོར་འཁྲུངས། <<ཆེན་པོ་ཧོར་གྱི་ཆོས་འབྱུང་གསེར་གྱི་ཕྲེང་བ>>མཛད་པ་པོ་དེ་ཡིན། དགུང་ལོ་ང་བའི་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་(༡༨༢༡)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་དང་སྐུ་ཕྲེང་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་བཅས་བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི<<མདོ་སྨད་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༥༠༧ནས༥༡༥བར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ང་ལྔ་པ) མདོ་སྨད་ཉ་ཚང་སྡེ་བཅུའི་ནང་ཚན་དྷ་ཟུག་བྱ་བར་རབ་བྱུང་བཅུ་གཅིག་པའི་ཤིང་གླང (༡༦༨༥) ལོར་འཁྲུངས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག (༡༧༤༦) ལོར་དགའ་ལྡན་གྱི་ཁྲིར་ཕེབས། མངའ་རིས་གུང་གཉིས་མི་མཐུན་པའི་འགལ་ཟླ་ཆེ་བར་བརྟེན་ཝང་འགྱུར་མེད་རྣམ་རྒྱལ་གྱིས་དམ་པ་འདི་ལ་མངའ་རིས་གུང་ཚར་གཅོད་པའི་དྲག་ལས་མཛད་དགོས་ཞུས་པར་མ་གསན་པའི་རྐྱེན་གྱིས་ལྕགས་རྟ (༡༧༥༠) ལོར་དགའ་ལྡན་ཁྲི་པའི་གོ་གནས་ནས་ཕབ་པའི་བཀའ་བཏང་བར་དེ་འཕྲལ་དགེ་འདུན་རྣམས་ལ་བཀའ་ཆོས་ཐ་མ་གནང་སྟེ་ཁྲི་ཐོག་ཁང་ནས་ཐེ་བོ་ཁང་ཚན་དུ་ཕེབས་འཕྲལ་སྐུ་གཤེགས།
- language:
- Tibetan