- khri chen ba so chos kyi rgyal mtshan
- ID:
- T225522
- ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
- > khri chen ba so chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chenwa so chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའལྡནཁྲི་ཐོག་དྲུག་པ)མཁས་གྲུབ་རིན་པོ་ཆེའི་གཅུང་པོ་ཡིན། །གཙང་སྟོད་ལྡོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང༌། །ཡུམ་མགྲོན་ཆོག་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན༌པའི་ཆུ་རྟ(༡༤༠༢)ལོར་སྐུ་འཁྲུངས། རྗེ་ཙོང་ཁ་པ་ཡབ་སྲས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས། །གསང་ཕུ་དགོན་པའི་འཆད་༡ན་པ་ཡང་ཅུང་ཟད་མཛད་ཅིང༌། དེ་རྗེས་བ་སོ་དགོན་པའི་འཆད་༡ན་གྱི་སློབ་དཔོན༌ཡུན་རིང་ཙམ་མཛད་པས་བ་སོ་བར་གྲགས། ཤབ་སྟོད་སེང་གེ་རྩེ་དང་ཐག་ཉེ་བར་རི་བོ་བདེ་ཆེན་གྱི་དབེན་གནས་བཏབ། ཐུགས་དམ་༡མས་བཞེས་ལ་བརྟེན་ནས་རྟོགས་པ་མཐོན་པོར་ཕེབས་ཏེ་བཞུགས་པའི་སྐབས་ཤིག་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་གིས་རྒྱལ་དབང་དགེ་འདུན་གྲུབ་པ་དགའ་ལྡན་གྱི་ཁྲིར་ཕེབས་དགོས་པའི་ཞུ་བ་མཛད་པར་ད་རེས་དགའ་ལྡན་གྱི་ལ་མཁས་གྲུབ་རིན་པོ་ཆེའི་གཅུང་བ་སོ་བ་འདི་རང་འོས་པ་ཡོད་པས་སྤྱན་དྲོངས་གསུངས་པ་ལྟར་དགའ་ལྡན་དུ་གདན་དྲངས། དགུང་ལོ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་ལུག(༡༤༦༣)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་གཅིག་རིང་བསྐྱངས་ཏེ། དེའི‘རིང་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་སློབ་མ་ཟུང་འཇུག་གི་སྐུ་བརྙེས་པ་རྡོ་རྗེ་མཆེད་གསུམ(༡་གྲུབ་ཆེན་ཆོས་རྡོ་རྗེ། ༢སྟོད་ལུང་པ་རྡོ་རྗེ་དཔལ་བ། p༣་ཁམས་པ་དཔལ་ལྡན་རྡོ་རྗེ)བྱུང༌། དགའ་ལྡན་དུ་རྒྱལ་བ་སེང་གེ་ང་རོའི་གསེར་སྐུ་ལྷ་ཁང་དང་བཅས་པ། ཁྲི་ཆེན་གོང་མ་རིམ་བྱོན་གྱི་འདྲ་སྐུ་བཅས་གསར་བཞེངས་མཛད། གསུང་རྩོམ་སྐོར། <<དབུ་མའི་ལྟ་ཁྲིད་ཆེན་མོ>><<དུས་འཁོར་གྱི=བསྐྱེད་རྫོགས>><<གསང་འདུས་ཡིག་ཆུང་ཉེར་གཅིག>>སོགས་ཡོད། དམ་པ་འདིའི་སྐུ་ཕྲེང་བཞི་པ་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཡིན་པར་འཁྲུལ་ནས་འགྲེལ་བཤད་མཛད་པ་ཡོད་ཀྱང་དེ་མིན། དམ་པ་འདིའི་སྐུ་ཕྲེང་རིམ་བྱོན་རྣམས་ལ་ཡོངས་གྲགས་སུ་རྟ་ཚག་རིན་པོ་ཆེ་ཞུ་ཞིང༌། སྐུ་ཕྲེང་གཉིས་པ་འཕགས་པ་ལྷ་སྐུ་ཕྲེང་དང་པོའི་དབོན་ལྷ་སྐྱབས། སྐུ་ཕྲེང་གསུམ་པ་ལི་ཡུལ་ཆོས་རྒྱལ། སྐུ་ཕྲེང་བཞི་པ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། སྐུ་ཕྲེང་ལྔ་པ་ངག་དབང་ཆོས་ཀྱི་དབང་ཕྱུགསྐུ་ཕྲེང་དྲུག་པ་ངག་དབང་དཀོན་མཆོག་ཉི་མ། སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་རྒྱལ་མཚན། སྐུ་ཕྲེང་བརྒྱད་པ་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ། སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་བཅུ་པ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། སྐུ་ཕྲེང་བཅུ་གཅིག་པ་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ། སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན་བཅས་ཕེབས། དེ་རྣམས་ཀྱི་འགྲེལ་བཤད་འོག་གི་ཏ་སྡེའི་ནང་གསེས་སུ་བཀོད་ཡོད་པས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་དྲུ་པ) མཁས་གྲུབ་རིན་པོ་ཆེའི་གཅུང་པོ་ཡིན། གཙང་སྟོད་ལྡོག་གཞུང་དུ་ཡབ་བཀྲ་ཤིས་དཔལ་བཟང་དང་། ཡུམ་མགྲོན་ཆོག་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་རྟ (༡༤༠༢) ལོར་སྐུ་འཁྲུངས། དགུང་ལོ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་ལུག (༡༤༦༣) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་གཅིག་རིང་བསྐྱངས་ཏེ། དེའི་རིང་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།
- language:
- Tibetan