Skip to main content Skip to search
khri chen byang chub chos 'phel
ID:
T225523
  • ཁྲི་ཆེན་བྱང་ཆུབ་ཆོས་འཕེལ (Tibetan, Tibetan script, Original)
    • > khri chen byang chub chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen changchub chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡནཁྲི་ཐོག་རེ་དགུ་པ)ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། མདོ་ཁམས་ཆ་ཕྲེང་གི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་འཁྲུངས། དགུང་ལོ་ཆུང་དུས་ལོ་ཤས་རིང་ཆ་ཕྲེང་དགོན་དུ་ཞུགས་འདོན་ཆོས་སྤྱོད་ཀྱི་ཐུགས་འཛིན་ལེགས་པར་གྲུབ། དགུང་ལོ་ཉེར་གཅིག་པ་མེ་སྤྲེལ(༡༧༧༦)ལོར་གྲྭ་རྒྱུན་དང་མ༡མ་དུ་དབུས་སུ་ཕེབས། དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན་དུ་ཆོས་ཞུགས་མཛད། དགེ་བཤེས་ཆོས་འཕེལ་རྒྱལ་མཚན་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོའི་སློབ་གཉེར་དང༌། གསང་སྔགས་ཀྱི་ཆོ་ག་ཕྱག་བཞེས་རྣམས་བྱང་ཆུབ་པར་མཛད། གདོང་གྲལ་གསུང་བཟང་བའི་གྲལ་དུ་ཡང་ལོ་ཤས་བཞུགས། དགུང་ལོ་སོ་གསུམ་པ་ས་སྤྲེལ(༡༧༨༨)ལོར་དགེ་བཤེས་གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་སོ་བདུན་པ་ཆུ་བྱི(༡༧༩༢)ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ལོ་དེའི་སྟོན་ཁའི་ཆོས་ཐོག་སྐབས་རྒྱུད་སྟོད་དུ་ཞུགས་ནས་ལོ་ངོ་བདུན་བར་གསང་སྔགས་ཀྱི་སློབ་གཉེར་དང༌། བླ་མ་དགེ་བའི་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་ཞེ་བཞི་པ་ས་ལུག(༡༧༩༩)ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་ཞེ་དྲུག་པ་ལྕགས་བྱ(༡༨༠༡)ལོར་མཁན་པོའི་ཁྲིར་ཕེབས། སྐབས་དེར་བླ་མ་དབུ་མཛད་སྒྲུབ་ཁང་རིན་པོ་ཆེ་དང༌། རྒྱུད་པའི་དགེ་འདུན་བགྲེས་པ་རྣམས་དང་ལྷན་རྒྱས་ཐེངས་མང་གྲོས་བསྡུར་མཛད་པའི་རྨང་གཞིའི་ཐོག ད་ཡོད་སྒྲིག་ཡིག་ཆེན་མོ་གཏན་འབེབས་གནང༌། དགུང་ལོ་ང་ལྔ་པ་ལྕགས་རྟ(༡༨༡༠)ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དེའི་ཕྱི་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག(༡༨༡༥)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། དགུང་ལོ་རེ་དྲུག་པ་ཆུ་རྟ(༡༨༢༢)ལོར་རྒྱལ་བའི་ཡོངས་འཛིན་གྱི་འགན་བཞེས་དགོངས་ཞུ་གནང་སྟེ་ཆུ་བཟང་རི་ཁྲོད་དུ་ཟུར་བཞུགས་ཐོག སྔར་བཞིན་དད་འདུས་སློབ་མ་མང་པོ་དང་དགོན་སྡེ་ཁག་ལ་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་སྤེལ་བར་མཛད། དགུང་ལོ་གྱ་གསུམ་པ་རབ་བྱུང་བཅུ་བཞིའི་ས་ཁྱི་(༡༨༣༨)ལོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་ཕྲེང་གཉིས་པ་དགའ་ལྡན་ཁྲི་ཐོག་གྱ་ལྔ་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན(གཤམ་དུ་གསལ)སྐུ་ཕྲེང་གསུམ་པ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འ། ཛིན་རྒྱ་མཆོ་དཔལ་བཟང་པོའོ། །རྣམ་ཐར་སྐོར་སེར་སྨད་ཀོང་པོ་རྒྱལ་དབང་ཆོས་རྗེ་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པ། ཁ་བྱང་དུ<<འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་དཔལ་བཟང་པོའི་རྣམ་ཐར་དགའ་ལྡན་བསྟན་པའི་མཛེས་རྒྱན>>དཔར་མ་ལ་ཤོག་གྲངས་བརྒྱ་དང་ཉེར་གཉིས་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་རེ་དགུ་པ) ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། མདོ་ཁམས་ཆ་ཕྲེང་གི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི (༡༧༥༦) ལོར་འཁྲུངས། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག (༡༨༡༥) ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། དགུང་ལོ་གྱ་གསུམ་པ་རབ་བྱུང་བཅུ་བཞིའི་ས་ཁྱི (༡༨༣༨) ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan