Skip to main content Skip to search
khri chen byang chub nam mkha'
ID:
T225524
  • ཁྲི་ཆེན་བྱང་ཆུབ་ནམ་མཁའ (Tibetan, Tibetan script, Original)
    • > khri chen byang chub nam mkha' (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen changchub namkha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་གྱ་གསུམ་པ)རྒྱལ་རོང་གི་ཡུལ་དུ་འཁྲུངས། དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཐོག་གཞུང་ཆེན་པོ་ལྔར་སློབ་གཉེར་མཛད་ནས་དགེ་བཤེས་ལྷ་རམས་པ་ཐོན། དེ་ནས་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་རྒྱ་ཆེར་མཛད་དེ་རིམ་བཞིན་རྒྱུད་སྟོད་བླ་མ་དབུ་མཛད་དང༌། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅོ་ལྔ་པའི་མེ་ཁྱི(༡༨༨༦)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔ་བསྐྱངས་མུས་སུ་སྐུ་གཤེགས། རྣམ་ཐར་ཟུར་དུ་མི་སྣང༌།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་གྱ་གསུམ་པ) རྒྱལ་རོང་གི་ཡུལ་དུ་འཁྲུངས། རབ་བྱུང་བཅོ་ལྔ་པ་མེ་ཁྱི (༡༨༨༦) ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་ལྔ་བསྐྱངས་མུས་སུ་སྐུ་གཤེགས།

language:
Tibetan