- khri chen blo gros chos skyong
- ID:
- T225528
- ཁྲི་ཆེན་བློ་གྲོས་ཆོས་སྐྱོང (Tibetan, Tibetan script, Original)
- > khri chen blo gros chos skyong (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen lodrö chökyong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ལྔ་པ)གཙང་རོང་གི་གཡག་སྡེར་རབ་བྱུང་བདུན་པའི་ས་སྦྲུལ་(༡༣༨༩)ལོར་འཁྲུངས། སྐུ་གཞོན་དུས་ཚོགས་ཚོགས་དགེ་འདུན་སྒང་པ་ནས་རབ་ཏུ་བྱུང༌། རྗེ་ཡབ་སྲས་དང༌། གཙོ་བོར་མཁས་གྲུབ་རྗེ་བསྟེན་ནས་མདོ་སྔགས་ཀྱི་གསུང་རབ་ལ་སྦྱངས་པ་མཛད་པས་མཁས་པའི་ཕུལ་དུ་ཕྱིན། དགའ་ལྡན་གྱི་ཁྲི་པ་མི་མཛད་དགོངས་ནས་བྲོས་བྱོན་པས་ཐག་རིང་པོར་ཕེབས་མ་ཐུབ་གོང་དུ་ཞབས་བསྙུངས་ནས་ཕེབས་མ་ཐུབ་པས་དགའ་ལྡན་དུ་ཕྱིར་གདན་དྲངས། དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་རྟ(༡༤༥༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་གསུམ་གྱི་བར་མདོ་སྔགས་ཀྱི་ཆོས་འཆད་སྤེལ་རྒྱུན་མི་ཆད་པར་གནང་བས་སློབ་མ་ཡང་ཞང་ཞུང་ཆོས་དབང་གྲགས་པ་དང༌། གཙང་ཆུང་ཆོས་གྲགས་རྒྱ་མཚོརྟ་ནག་པ་མཁས་གྲུབ་ནོར་བཟང་རྒྱ་མཚོ་ཁྲི་ཆེན་སྨོན་ལམ་དཔལ་བ་སོགས་མང་དུ་བྱོན། དགའ་ལྡན་དུ་མཆོད་ཁང་གསར་མ་བཞེངས་པའི་ནང་སྟོན་པ་ཐུབ་པའི་དབང་པོའི་གསེར་སྐུ་དང༌། དངུལ་གདུང་ཆེན་མོ་སོགས་བཞེངས། གསུང་རྩོམ་ཡང༌། མཁས་གྲུབ་རིན་པོ་ཆེས་མཛད་པའི་<<འཇིགས་བྱེད་བསྐྱེད་རིམ>>རྩོམ་འཕྲོ་ཁ་སྐོང་དང<<དུས་འཁོར་ཏིཀ་ཆེན>>རྩོམ་འཕྲོའི་ཁ་སྐོང་བཅས་མཛད། དེ་ནས་མཁས་གྲུབ་རིན་པོ་ཆེའི་གཅུང་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གདན་ས་གཏད་ནས་རྗེ་རང་ཉིད་ཀུན་སྤང་མཛད་ནས་ཟུར་བཞུགས་གནང༌། དགུང་ལོ་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་མེ་ཁྱི(༡༤༦༦)ལོར་དགའ་ལྡན་དུ་སྐུ་གཤེགས། དེ་ནས་རིམ་བཞིན་སྤྲུལ་སྐུ་ངོས་འཛིན་ཞུས་པ་རྣམས་ལ་ཡོངས་གྲགས་སུ་མུ་ལི་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་དུ་གྲགས་པའི་གཉིས་པ་སངས་རྒྱས་རྒྱ་མཚོ(པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དངོས་སློབ)གསུམ་པ་འཇམ་དབྱངས་བཟང་པོ། རབ་བྱུང་བཅུ་པའི་མེ་བྱ་(༡༥༩༧)ནས་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་(༡༦༥༦)བར་དགུང་ལོ་དྲུག་ཅུ་བཞུགས། སྐུ་ཕྲེང་བཞི་པ་ངག་དབང་དཀོན་མཆོག་བསྟན་པའི་རྒྱལ་མཚན། རབ་བྱུང་བཅུ་གཅིག་པའི་ལྕགས་བྱི(༡༦༦༠)ལོར་འཁྲུངས་པ། རབ་བྱུང་བཅུ་གཉིས་པའི་ས་ཕག(༡༧༡༩)ལོར་མུ་ལི་ནང་འཁྲུགས་སྐབས་གཞན་སྡེས་བཀྲོངས། སྐུ་ཕྲེང་ལྔ་པ་ངག་དབང་ཕུན་ཚོགས་བསྟན་པའི་རྒྱལ་མཚན་འཁྲུངས་ལོ་མ་རྙེད། རབ་བྱུང་བཅུ་གཉིས་པའི་ཆུ་སྟག(༡༧༢༢)ལོར་ཡང་སྲིད་གཏན་འཁེལ་ཞུས་ནས་ལོ་བཅུ་གསུམ་པ་ཤིང་སྟག(༡༧༣༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་རིན་པོ་ཆེ་མགར་ཐར་ནས་བོད་དུ་ཕྱིར་ཕེབས་མཛད་པའི༌ལམ་བར་དུ་མཇལ་འཛོམས་གནང་བའི་བར་གྱི་ལོ་རྒྱུས་རྣམས་རབ་འབྱམས་པ་ངག་དབང་མཁྱེན་རབ་ཀྱིས་ཕྱོགས༌བསྒྲིགས་མཛད་པ<<མུ་ལི་ཆོས་འབྱུང་དྲི་མེད་དྭངས་ཤེལ་མེ༌ལོང>>ལྕགས་དཔར་མ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པ་དེར་གསལ(འདི་ནང་ལོ་ཁམས་ནོར་བ༌རེ་ཟུང་སྣང)
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ལྔ་པ) གཙང་རོང་གི་གཡག་སྡེར་རབ་བྱུང་བདུན་པའི་ས་སྦྲུལ (༡༣༨༩) ལོར་འཁྲུངས། དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་རྟ (༡༤༥༠) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་གསུམ་གྱི་བར་མདོ་སྔགས་ཀྱི་ཆོས་འཆད་སྤེལ་རྒྱུན་མི་ཆད་པར་གནང་། རབ་བྱུང་བཅུ་གཉིས་པའི་ཆུ་སྟག (༡༧༢༢) ལོར་ཡང་སྲིད་གཏན་འཁེལ་ཞུས་ནས་ལོ་བཅུ་གསུམ་པ་ཤིང་སྟག (༡༧༣༤) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་རིན་པོ་ཆེ་མགར་ཐར་ནས་བོད་དུ་ཕྱིར་ཕེབས་མཛད་པའི་ལམ་བར་དུ་མཇལ་འཛོམས་གནང་བའི་བར་གྱི་ལོ་རྒྱུས་རྣམས་རབ་འབྱམས་པ་ངག་དབང་མཁྱེན་རབ་ཀྱིས་ཕྱོགས་བསྒྲིགས་མཛད།
- language:
- Tibetan