- khri chen blo gros brtan pa
- ID:
- T225529
- ཁྲི་ཆེན་བློ་གྲོས་བརྟན་པ (Tibetan, Tibetan script, Original)
- > khri chen blo gros brtan pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen lodrö tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་བདུན་པ)གཙང་གི་ཤངས་མགྲོན་ཁང་དུ་རབ་བྱུང་བདུན་པའི་ཆུ་རྟ(༡༤༠༢)ལོར་འཁྲུངས། གནས་རྙིང་དགོན་པར་སློབ་གཉེར་མཛད་ནས་དགེ་བཤེས་ཐོན། མདོ་སྔགས་ཀྱི་གཞུང་ལ་མཁྱེན་པ་ཆེ་ཞིང༌། གསང་ཕུ་ཁུ་སྤེ་གྲྭ་ཚང་གི་འཆད་༡ན་དང༌། དགའ་ལྡན་བྱང་རྩེའི་སློབ་དཔོན་ཀྱང་མཛད། དེ་ནས་ཡར་ལུང་ཕྱོགས་ལ་ཕེབས་ནས་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ཕྱག་བཏབ་ནས་འཆད་ཉན་མཛད་པས་སློབ་མ་མཁས་གྲགས་མང་དུ་བྱུང་ཞིང༌། སློབ་དཔོན་དུ་མཁན་ཆེན་ངག་དབང་གྲགས་པ་བསྐོས་ནས་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ(༡༤༧༣)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་དྲུག་གི་རིང་བསྐྱངས་ནས་སློབ་གཉེར་འཕེལ། དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་སྭ་ཁྱི(༡༤༧༨)ལོར་སྐུ་གཤེགས། གདུང་རྟེན་དབེན་སྡུམ་མཆོད་རྟེན་ཞིག་བཞེངས་པ་མཁས་གྲུབ་རིན་པོ་ཆེའི་གདུང་རྟེན་གྱི་གཡོན་དུ་བཞུགས། གསུང་རྩོམ་སྐོར། <<མངོན་རྟོགས་རྒྱན>>མ་གཏོགས་པའི་བྱམས་ཆོས་ཕྱི་མ་བཞི(<<མདོ་སྡེ་རྒྱན>><<དབུས་མཐའ་རྣམ་འབྱེད>><<ཆོས་དབྱིངས་རྣམ་འབྱེད>><<རྒྱུད་བླ་མ>>)ཡི་འགྲེལ་པ་དང༌། <<རྣམ་འགྲེལ་ལམ་བསྒྲིགས>><<གཞི་གསུམ་རྣམ་བཞག>>སོགས་ཡོད། རྣམ་ཐར་ལོ་རྒྱུས་མདོར་བསྡུས་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང>>འབྲས་སྤུངས་དཔར་མའི་ཤོག་གྲངས༣༧༡ནས༣༧༢བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་བདུན་པ) གཙང་གི་ཤངས་མགྲོན་ཁང་དུ་རབ་བྱུང་བདུན་པའི་ཆུ་རྟ (༡༤༠༢) ལོར་འཁྲུངས། གནས་རྙིང་དགོན་པར་སློབ་གཉེར་མཛད་ནས་དགེ་བཤེས་ཐོན། དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ (༡༤༧༣) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་དྲུག་གི་རིང་བསྐྱངས་ནས་སློབ་གཉེར་འཕེལ། དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་ས་ཁྱི (༡༤༧༨) ལོར་སྐུ་གཤེགས།
- language:
- Tibetan