Skip to main content Skip to search
khri chen blo bzang bkra shis
ID:
T225530
  • ཁྲི་ཆེན་བློ་བཟང་བཀྲ་ཤིས (Tibetan, Tibetan script, Original)
    • > khri chen blo bzang bkra shis (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen lo zang tashi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་རེ་བཞི་པ)ཁམས་ཁུལ་ཏྲེ་ཧོར་བྲག་འགོ་དགོན་ཉེ་འདབས་སུ་རབ་བྱུང་བཅུ་གཉིས་པའི་ས་ལུག(༡༧༣༩)ལོར་འཁྲུངས། དགུང་ལོ་ཉི་ཤུ་པ་ས་སྟག(༡༧༥༨)ལོར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དང་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་མོའི་སློབ་གཉེར་མཐར་ཕྱིན། དགུང་ལོ་སོ་གསུམ་པ་ལྕགས་ཡོས(༡༧༧༡)ལོར་གླིང་བསྲེའི་དགེ་བཤེས་མཛད། དེའི་ཕྱི་ལོ་རྒྱུད་སྨད་དུ་བཞུགས་ནས་ལོ་ཤས་རིང་གསང་སྔགས་ཀྱི་སློབ་གཉེར་མ། ཛད། དགུང་ལོ་ཞེ་བདུན་པ་ཤིང་སྦྲུལ(༡༧༨༥jལོར་རྒྱུད་སྨད་མཁན་པོའི་ཁྲིར་ཕེབས། དགུང་ལོ་ཞེ་དགུ་པ་མེ་ལུག(༡༧༨༧)ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག(༡༧༩༤)ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་བདུན་གཙང་ནས་དགུང་ལོ་རེ་གསུམ་པ་ལྕགས་བྱ(༡༨༠༡)ལོར་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཚ]པར་ཤོག་གྲངས་ལྔ་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་རེ་བཞི་པ) ཁམས་ཁུལ་ཏྲེ་ཧོར་བྲག་འགོ་དགོན་ཉེ་འདབས་སུ་རབ་བྱུང་བཅུ་གཉིས་པའི་ས་ལུག (༡༧༣༩) ལོར་འཁྲུངས། དགུང་ལོ་ཉི་ཤུ་པ་ས་སྟག (༡༧༥༨) ལོར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དང་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་མོའི་སློབ་གཉེར་མཐར་ཕྱིན། དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག (༡༧༩༤) ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་བདུན་གཙང་ནས་དགུང་ལོ་རེ་གསུམ་པ་ལྕགས་བྱ (༡༨༠༡) ལོར་སྐུ་གཤེགས།

language:
Tibetan