Skip to main content Skip to search
khri chen blo bzang dge legs
ID:
T225532
  • ཁྲི་ཆེན་བློ་བཟང་དགེ་ལེགས (Tibetan, Tibetan script, Original)
    • > khri chen blo bzang dge legs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen lo zang gelek (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ)འཕན་པོ་རྒྱལ་ལྷ་ཁང་གི་ཉེ་འདབས་ཚོང་འདུས་ཕྱུག་པོ་ཞེས་པའི་ཁྱིམ་དུ་ཡབ་བསོད་ནམས་ལྷུན་གྲུབ་དང༌། ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་གླང(༡༧༥༧)ལོར་འཁྲུངས། བྱིས་པ་ཆུང་ངུའི་དུས་ནས་ན་མ༡མ་གཞན་དང་མི་འདྲ་བར་ཀུན་སྤྱོད་བཟང་བར་བརྟེན། བླ་མ་ལོ་གསར་བ་འེས་པའི་སྐྱེ་བར་ངོས་འཛིན་བྱེད་པའང་བྱུང༌། སེ་རར་ཕེབས་ནས་སྨད་གྲྭ་ཚང་གི་ཚ་བ་ཁང་ཚན་དུ་ཆོས་ཞུགས་མཛད། ཚ་བ་དགེ་བཤེས་བྱམས་པ་ལེགས་ལྡན་སོགས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་སོ་གཉིས་པ་ས་སྤྲེལ(༡༧༨༨)ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་ལོ་ཤས་རྒྱུད་གྲྭར་བཞུགས་ཏེ་གསང་སྔགས་ཀྱི་སློབ་གཉེར་མཐར་ཕྱིན་ནས་སྔགས་རམས་པའི་གྲྭ་སྐོར་དམ་བཅའ་དང་རྒྱུད་པའོ་བླ་མ་དབུ་མཛད་བཅས་རིམ་པ་བཞིན་མ། ཛད། དགུང་ལོ་ཞེ་དགུ་པ་ཤིང་གླང(༡༨༠༥)ལོར་རྒྱུད་སྨད་མཁན་པོའི་ཁྲིར་ཕེབས། ཆོས་འཆད་ཉན་སོགས་གོང་འཕེལ་ཐོག འཕན་པོ་སྒྲུབ་རྒྱའི་ཞོགས་ཆོས་ཐོག་གི་རྒྱུད་ཁང་ཉམས་གསོ་དང་དད་ལྡན་ཁག་ལ་ཆོས་བཀའ་རྒྱ་ཆེར་སྩལ་བཞིན་པར་མཁན་པོའི་ལོ་དུས་གཙང་མར་འཁྱོལ་བར་མཛད། དགུང་ལོ་ང་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་འབྲུག(༡༨༠༨)ལོར་ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་ཀྱི་ཡོངས་འ། ཛི། ན་དུ་གདན་དྲངས་པ་ལྟར་ཕེབས། དགུང་ལོ་ང་ལྔ་པ་ལྕགས་ལུག(༡༨༡༡)ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བསྐྱངས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི(༡༨༡༤)ལོར་ཁྲི་ཆེན་འཇམ་དབྱངས་སྨོན་ལམ་དགའ་ལྡན་ཁྲི་ལ་ཕེབས་ནས་ཟླ་བ་གསུམ་ལས་མ་སོང་བར་སྐུ་གཤེགས་པར་བརྟེན་རྗེ་འདི་དགའ་ལྡན་གྱི་ཁྲིར་ཕེབས། ལོ་ངོ་གཉིས་སོང་ཙམ་ནས་སྐུ་གཟུགས་བསྙུན་གཞི་ཇེ་ལོད་དུ་ཕེབས་ནས། དགུང་ལོ་དྲུག་ཅུ་པ་རབ་བྱུང་གོང་གསལ་གྱི་མེ་བྱི་(༡༨༡༦)ལོར་སྐུ་གཤེགས། ཞལ་ཆེམས་ལྟར་སྐུ་གདུང་དགའ་ལྡན་དུ་གདན་དྲངས་ནས་བྱ་གཏོར་ཞུས། སྐུ་རུས་ལ་ས་ཙཱ་བཏབ་པ་རྣམས་བཞུགས་སུ་གསོལ་བའི་ས་འབུམ་ཞིག་ཉང་བྲན་ཕུའི་འཇོག་པོ་རི་ཁྲོད་ཀྱི་ཉེ་འདབས་སུ་ཡོད། སྐུ་ཕྲེང་རྗེས་མ་རིམ་པར་ཕེབས་པ་རྣམས་ལ་ཚ་བ་ཁྲི་སྤྲུལ་དང༌། ཡོངས་གྲགས་སུ་ཚ་སྤྲུལ་རིན་པོ་ཆེ་ཞུ་བ་དེ་ཡིན། ཁྲི་ཆེན་དེ་ཡི་རྣམ་ཐར། ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་མཛད་པ་ཁ་བྱང་དུ<<རྗེ་བཙུན་བླ་མ་དམ་པ་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པརྨོ་འཛུམ་བྱེད་ངོ་མཚར་ཉིན་བྱེད་གསར་པའི་སྣང་བ>>ཞེས་པ་དཔར་མ་ལ་ཤོག་གྲངས་ཉི་ཤུ་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ) འཕན་པོ་རྒྱལ་ལྷ་ཁང་གི་ཉེ་འདབས་ཚོང་འདུས་ཕྱུག་པོ་ཞེས་པའི་ཁྱིམ་དུ་ཡབ་བསོད་ནམས་ལྷུན་གྲུབ་དང་། ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་གླང (༡༧༥༧) ལོར་འཁྲུངས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི (༡༨༡༤) ལོར་ཁྲི་ཆེན་འཇམ་དབྱངས་སྨོན་ལམ་དགའ་ལྡན་ཁྲི་ལ་ཕེབས་ནས་ཟླ་བ་གསུམ་ལས་མ་སོང་བ་སྐུ་གཤེགས་པར་བརྟེན་རྗེ་འདི་དགའ་ལྡན་ཁྲིར་ཕེབས། ལོ་ངོ་གཉིས་སོང་ཙམ་ནས་སྐུ་གཟུགས་བསྙུན་གཞི་ཇེ་ལོད་དུ་ཕེབས་ནས། དགུང་ལོ་དྲུག་ཅུ་པ་རབ་བྱུང་གོང་གསལ་གྱི་མེ་བྱི (༡༨༡༦) ལོར་སྐུ་གཤེགས།

language:
Tibetan