Skip to main content Skip to search
khri chen blo bzang bstan pa
ID:
T225534
  • ཁྲི་ཆེན་བློ་བཟང་བསྟན་པ (Tibetan, Tibetan script, Original)
    • > khri chen blo bzang bstan pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen lo zang tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་དྲུག་ཅུ་པ)མདོ་སྨད་ཚ་བ་རོང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག(༡༧༡༠)ལོར་འཁྲུངས། དབུས་སུ་བྱོན་ནས་སེར་བྱེས་ཚ་བ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་མོར་སྦྱངས་པ་མཐར་སོན་ནས་དགེ་བཤེས་ལྷ་རམས་པ་མཛད། རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་ཐོན་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག(༡༧༧༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་མཐར་ཕྱིན་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། ལོ་ཤས་ནས་མ་འགྱངས་པར་སྐུ་གཤེགས་ཀྱང་ལོ་ཁམས་གསལ་བ་མ་རྙེད་ཅིང༌། ཡོངས་འ། ཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་མཆོག་ཡོངས་འཛིན་ཁྲི་ཆེན་སྐུ་གཤེགས་པའི་ཚབ་ཏུ་ཆུ་སྟག(༡༧༨༢)ལོར་གདན་དྲངས་ཚུལ་རྒྱལ་བའི་རྣམ་ཐར་དུ་གསལ་བ་ལྟར་ན་དེའི་ལོ་སྔོན་མ་ལྕགས་གླང(༡༧༨༡)ལོར་སྐུ་གཤེགས་པ་འདྲ་སྙམ། རྣམ་ཐར་སྐོར་གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཕ]པར་ཤོག་གྲངས་ལྔ་ཡོད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་དྲུག་ཅུ་པ) མདོ་སྨད་ཚ་བ་རོང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག (༡༧༡༠) ལོར་འཁྲུངས། དབུས་སུ་བྱོན་ནས་སེར་བྱེས་ཚ་བ་ཁང་ཚན་དུ་ཆོས་ཞུགས་མཛད། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག (༡༧༧༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་མཐར་ཕྱིན་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། ལོ་ཤས་མ་འགྱངས་པར་སྐུ་གཤེགས།

language:
Tibetan