Skip to main content Skip to search
khri chen blo bzang dri med
ID:
T225537
  • ཁྲི་ཆེན་བློ་བཟང་དྲི་མེད (Tibetan, Tibetan script, Original)
    • > khri chen blo bzang dri med (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trichen lozang drimé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ང་དྲུག་པ)ལི་ཐང་ཤོག་དྲུག་ཏུ་འཁྲུངས་ཤིང༌། འཁྲུངས་འདས་ཀྱི་ལོ་གསལ་བར་མ་རྙེད། དགུང་ལོ་ཆུང་དུས་ལྷ་སར་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་སྤོམ་བོར་ཁང་ཚན་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་པོར་སློབ་གཉེར་མཛད། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས(༡༧༢༣)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་གནང༌། རྒྱུད་སྨད་དུ་ཆོས་ཞུགས་མཛད་དེ་གསང་སྔགས་ལ་སྦྱངས་ཤིང༌། རིམ་བའིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་བདུན་མཐར་ཕྱིན་ནས་དགུང་ལོ་རེ་གཅིག་པར་སྐུ་གཤེགས་ཞེས་རྣམ་ཐར་དུ་གསལ་ཡང་ལོ་ཁམས་མི་གསལ། རྣམ་ཐར་ལོ་རྒྱུས་སྐོར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཐ]པར་ཤོག་གྲངས་ལྔ་ཡོད། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་ཡོངས་གྲགས་སུ་ལི་ཐང་ཤོག་དྲུག་སྐྱབས་མགོན་ཞུ་བ་དེ་ཡིན། ལོ་རྒྱུས་དཔྱད་གའིམ་རྙེད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ང་དྲུག་པ) ལིང་ཐང་ཤོག་དྲུག་ཏུ་འཁྲུངས་ཤིང་། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ (༡༧༥༠) ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་བདུན་མཐར་ཕྱིན་ནས་དགུང་ལོ་རེ་གཅིག་པར་སྐུ་གཤེགས་ཞེས་རྣམ་ཐར་དུ་གསལ་ཡང་ལོ་ཁམས་མི་གསལ།

language:
Tibetan