- khri chen blo bzang sbyin pa
- ID:
- T225538
- ཁྲི་ཆེན་བློ་བཟང་སྦྱིན་པ (Tibetan, Tibetan script, Original)
- > khri chen blo bzang sbyin pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen lo zang jinpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་དོན་དགུ་པ)འབའ་ཐང་ཁུལ་སྣང་བཟང་དུ་འཁྲུངས། དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་དུ་སྒྲིགས་ཞུགས་མཛད་དེ། གཞུང་ཆེན་པོའི་སློབ་གཉེར་གནང་རྗེས་རྗེས་སུ་རྒྱུད་སྟོད་དུ་ཞུགས། རིམ་བཞིན་བླ་མ་དབུ་མཛད་ནས་བཟུང་ཤར་རྩེ་ཆོས་རྗེ་བར་གྱི་ཁྲིར་ཕེབས། རབ་བྱུང་བཅོ་ལྔ་པའི་མེ་ཡོས(༡༨༦༧)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བཞི་བསྐྱངས་རྗེས་སྐུ་གཤེགས། རྣམ་ཐར་ཟུར་དུ་མི་སྣང༌།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་དོན་དགུ་པ) འབའ་ཐང་ཁུལ་སྣང་བཟང་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ཡོས (༡༨༦༧) ལོར་དགའ་ལྡན་ཁྲིར་ཕེབས་ནས་ལོ་བཞི་བསྐྱངས་རྗེས་སྐུ་གཤེགས།
- language:
- Tibetan