Skip to main content Skip to search
khri chen blo bzang lhun grub
ID:
T225541
  • ཁྲི་ཆེན་བློ་བཟང་ལྷུན་གྲུབ (Tibetan, Tibetan script, Original)
    • > khri chen blo bzang lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen lo zang lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའལྡན་ཁྲི་ཐོག་དོན་བཞི་པ)རྒྱལ་རོང་ཅོ་ནེའི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང(༡༧༨༡)ལོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་པ་མེ་སྦྲུལ(༡༧༩༧)ལོར་གྲྭ་རྒྱུན་དང་མཉམ་དུ་དབུས་སུ་ཕེབས། སེར་སྨད་གྲྭ་ཚང་དང༌། རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད་དེ། གཞུང་ཆེན་པོ་ལྔའི་སློབ་གཉེར་ཐོན་ནས། དགུང་ལོ་སོ་གསུམ་པ་ཤིང་ཁྱི་(༡༨༡༤)ལོར་དགུན་ཁའི་དགེ་བཤེས་གླིང་བསྲེ་གནང༌། དགུང་ལོ་སོ་དྲུག་པ་མེ་བྱི(༡༨༡༦)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མིག་དཔེར་འོས་པ་མཛད་དེ་ལོའི་དབྱར་ཐོག་རྒྱུད་སྨད་དུ་ཞུགས་ནས་ལོ་བཅུའི་རིང་གསང་སྔགས་ཀྱི་སློབ་གཉེར་གནང༌། དགུང་ལོ་ཞེ་དྲུག་པ་མེ་ཁྱི(༡༨༢༦)ལོར་རྒྱུད་སྨད་བླ་མ་དབུ་མཛད་དང་དགུང་ལོ་ཞེ་དགུ་པ་ས་གླང(༡༨༢༩)ལོར་རྒྱུད་སྨད་མཁན་པོ། དགུང་ལོ་ང་བདུན་པ་མེ་བྱ(༡༨༣༧)ལོར་བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་རེ་གསུམ་པ་ཆུ་ཡོས(༡༨༤༣)ལོར་དགའ་ལྡན་ཁྲིར་ཕེབས། དེའི་ཕྱི་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་མཚོའི་ཡོངས་འཛིན་དུ་ཕེབས། དགའ་ལྡན་ཁྲི་པའི་ཁྲི་ལོ་བཞི་བསྐྱངས། དགུང་གྲངས་རེ་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་ལུག(༡༨༤༧)ལོར་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག དམ་པ་དེའི་ཞལ་སློབ་རྒྱལ་རོང་དགེ་བཤེས(འདིའི་མཚན་བརྗེད་འདུག)ཤིག་གིས་མཛད་པ་དཔར་མ་ལ་ཤོག་གྲངས་རེ་དགུ་ཡོད། ཁྲི་ཆེན་གླིང་སྤྲུལ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། (དགའ་ལྡན་ཁྲི་ཐོག་དོན་ལྔ་པ)ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཕྲེང་ཡིན་པར་གྲགས། མདོ་སྨད་གླིང་ཡུལ་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་གཞུང་ཆེན་མོར་སྦྱངས་པ་མཛད་དེ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་གནང༌། རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་རྣམས་བྱང་ཆུབ་པ་གནང་སྟེ། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་བརྒྱུད་རབ་བྱུང་བཅུ་བཞི་པའི་མེ་ལུག(༡༨༤༧)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། འདིའི་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད་དེ་ཁྲི་པའི་ལོ་དུས་གཙང་རྗེས་རིང་པོར་མ་ལོན་པར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་ཞིབ་གསལ་མ་རྙེད།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་དོན་བཞི་པ) མདོ་སྨད་ཅོ་ནེའི་ཡུལ་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང (༡༧༨༡) ལོར་སྐུ་འཁྲུངས། དགུང་ལོ་རེ་གསུམ་པ་ཆུ་ཡོས (༡༨༤༣) ལོར་དགའ་ལྡན་ཁྲིར་ཕེབས། དགའ་ལྡན་ཁྲི་པའི་ཁྲི་ལོ་བཞི་བསྐྱངས། དགུང་གྲངས་རེ་དྲུག་པ་རབ་བྱུང་བཅུ་བཞི་པའི་མེ་ལུག (༡༨༤༧) ལོར་སྐུ་གཤེགས།

language:
Tibetan