- khri chen smon lam dpal ba
- ID:
- T225542
- ཁྲི་ཆེན་སྨོན་ལམ་དཔལ་བ (Tibetan, Tibetan script, Original)
- > khri chen smon lam dpal ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen mönlam palwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་བརྒྱད་པ)གཡས་རུ་བྱང་རྒྱུད་དུ་སྔགས་པ་ཞིག་ཀི་སྲས་སུ་རབ་བྱུང་བདུན་པའི་ཤིང་རྟ(༡༤༡༤)ལོར་འཁྲུངས། རྗེ་དགེ་འདུན་གྲུབ་པའི་དྲུང་དུ་གཞུང་ཆེན་པོ་ལྔ་ལ་སྦྱངས་ནས་མཁས་པ་ཆེན་པོར་གྱུར། རྗེ་བཙུན་ཤེས་རབ་སེང་གེའི་དྲུང་ནས་གསང་སྔགས་ཀྱི་ཆོས་སྐོར་མི་ཉུང་བ་ཞིག་གསན། རྩེད་ཐང་ཆོས་གྲྭར་གཞུང་ཆེན་སུམ་ཅུ་སོ་དྲུག་གི་གྲྭ་སྐོར་དང་བཤད་པ་མ། ཛད། སྣེ་གདོང་ཕོ་བྲང་དུ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང་རྩོད་གླེང་མཛད་པས་རབ་འབྱམས་པ་ཐུགས་དགྱེས་པའི་རྩེར་སོན། དེ་ནས་གཙང་གི་གྲྭ་ཚང་ཆེན་མོ། ༡ང་སྟོད་དགོན་གསར། སྙེ་མོ་རྒྱལ་བྱེད་ཚལ། སེ་ར་ཐེག་ཆེན་གླིང༌། དགའ་ལྡན་ཤར་རྩེ་བཅས་སུ་འཆད་ཉན་གྱི་སློབ་དཔོན་མཛད་པས་སྟོད་སྨད་ཀུན་ཏུ་སློབ་མས་ཁྱབ་པ་བྱུང༌། རབ་བྱུང་བརྒྱད་པའི་ས་ཕག(༡༤༧༩)ལོར་རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ལོ་དྲུག་ཅུ་རེ་གཅིག་པ་ཡིན་སྟབས་དེའི་སྐེག་ཐོག་ལ་ཤར་རྩེ་དང་བྱང་རྩེའི་བར་རྩོད་གླེང་བྱུང་བ་བར་འདུམས་མཛད། དགུང་ལོ་རེ་བདུན་པ་ལྕགས་བྱི(༡༤༨༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུའི་རིང་སྐྱོང་ཞིང༌། དེའི་རིང་འབྲས་སྤུངས་ཀྱི་ཁྲི་པ་ཡང་ཆབས་ཅིག་ཏུ་མཛད། དགའ་ལྡན་དང་འབྲས་སྤུངས་སུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དགུང་ལོ་དོན་བརྒྱད་པ་ལྕགས་ཕག(༡༤༩༡)ལོར་རྩེ་པོ་ཏཱ་ལར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་བྱོན་པ་རྣམས་རྣམ་རྒྱལ་མཆོད་རྟེན་ཞིག་བཞེངས་པ་དེའི་ནང་དུ་བཞུགས་ཤིང༌། གདུང་རྟེན་འདི་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་གདུང་རྟེན་གྱི་གཡས་ངོས་སུ་ཡོད། གསུང་རྩོམ་སྐོར། <<རྣམ་འགྲེལ་ལེའུ་བཞིའི་ཟིཀླ>>ཤིན་ཏུ་གསལ་བ་ཡོངས་གྲགས་སུ་སྨོན་ཟིཀ་ཏུ་གྲགས་པ་བཀྲ་ཤིས་ལྷུན་པོའི་དཔར་མ་ཤོག་གྲངས༤༠༨ཡོད། ལོ་རྒྱུས་སྐོར། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི<<བཀའ་གདམས་ཆོས་འབྱུང>>དཔར་མའི་ཤོག་གྲངས༣༧༢པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་བརྒྱད་པ) གཡས་རུ་བྱང་རྒྱུད་དུ་སྔགས་པ་ཞིག་གི་སྲས་སུ་རབ་བྱུང་བདུན་པའི་ཤིང་རྟ (༡༤༡༤) ལོར་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་ཕག (༡༤༧༩) ལོར་རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ལོ་དྲུག་ཅུ་རེ་གཅིག་པ་ཡིན་སྟབས་དེའི་སྐེག་ཐོག་ལ་ཤར་རྩེ་དང་བྱང་རྩེའི་བར་རྩོད་གླེང་བྱུང་བ་བར་འདུམས་མཛད། དགུང་ལོ་དོན་བརྒྱད་པ་ལྕགས་ཕག (༡༤༩༡) ལོར་རྩེ་པོ་ཏཱ་ལར་སྐུ་གཤེགས།
- language:
- Tibetan