- khri chen tshul khrims dpal ldan
- ID:
- T225544
- ཁྲི་ཆེན་ཚུལ་ཁྲིམས་དཔལ་ལྡན (Tibetan, Tibetan script, Original)
- > khri chen tshul khrims dpal ldan (Tibetan, Latin script, Transliteration-THL Extended Wylie Transliteration)
- > trichen tsültrim pelden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་གྱ་ལྔ་པ)ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ་ཡིན། སྟོད་ལུང་རག་སྐོར་དུ་རབ་བྱུང་བཅུ་བཞི་པའི་ས་ཕག(༡༨༣༩)ལོར་འཁྲུངས། དགུང་ལོ་ཆུང་དུས་སྐུ་གོང་མའི་ཡང་སྤྲུལ་དུ་གསལ་བའི་མཚན་རྟགས་ངེས་རྙེད་བྱུང་བས་ངོས་འ། ཛིན་ཞུས། དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན་དུ་ཆོས་ཞུགས་ཐོག གྲྭ་རྐྱང་དཀྱུས་མ་དང་འདྲ་བའི་སློབ་སྦྱོང་དང་སྒྲིག་སྲོལ་དང་ལེན་གནང་སྟེ་གཞུང་ཆེན་པོའི་སློབ་གཉེར་ལེགས་པར་མཛད་དེ་དགེ་བཤེས་ཀྱི་མཚན༌རྟགས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང༌། མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་གནང་སྟེ། བླ་མ་དབུ་མཛད་དང༌། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ(༡༨༩༦)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་ལྔའི་བར་བསྐྱངས་ནས་དགུང་ལོ་རེ་གཉིས་པ་ལྕགས་བྱི་(༡༩༠༠)ལོར་གློ་བུར་དུ་སྐུ་གཤེགས། སྐུ་ཕྲེང་གསུམ་པ་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འ། ཛིན་རྒྱ་མཚོ་དཔལ་བཟང་པོ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང(༡༩༠༡)ལོར་འཁྲུངས། དགུང་ལོ་གྱ་གཅིག་པ་ལྕགས་བྱ(༡༩༨༡)ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། ཁྲི་ཆེན་འདིའི་རྣམ་ཐར་ཟུར་འཁོད་ཀྱི་ཡིག་ཆ་མི་སྣང༌།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་གྱ་ལྔ་པ) ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ་ཡིན། སྟོད་ལུང་རག་སྐོར་དུ་རབ་བྱུང་བཅུ་བཞི་པའི་ས་ཕག (༡༨༣༩) ལོར་འཁྲུངས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ (༡༨༩༦) ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་ལོ་ལྔའི་བར་བསྐྱངས་ནས་དགུང་ལོ་རེ་གཉིས་པ་ལྕགས་བྱི (༡༩༠༠) ལོར་གློ་བུར་དུ་སྐུ་གཤེགས། སྐུ་ཕྲེང་གསུམ་པ་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང (༡༩༠༡) ལོར་འཁྲུངས། དགུང་ལོ་གྱ་གཅིག་པ་ལྕགས་བྱ (༡༩༨༡) ལོར་དགོངས་གཞན་དོན་དུ་གཤེགས་སོ། །
- language:
- Tibetan