Skip to main content Skip to search
khri chen tshe brtan rgya mtsho
ID:
T225545
  • ཁྲི་ཆེན་ཚེ་བརྟན་རྒྱ་མཚོ (Tibetan, Tibetan script, Original)
    • > khri chen tshe brtan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen tsé ten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའལྡན་ཁྲི་ཐོག་ཉེར་གསུམ་པ)རབ་བྱུང་དགུ་པའི་ལྕགས་འབྲུག(༡༥༢༠)ལོར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། མ་ཡུམ་གྱིས་སློབ་གཉེར་ཧུར་ཐག་བྱས་ནས་དགའ་ལྡན་གྱི་ཁྲི་ཐོབ་པ་ཞིག་བྱེད་དགོས་ཞེས་མངགས་བྱ་ནན་ཏན་གནང་བ་ལྟར་ལྷ་སར་ཕེབས་ནས་གཞུང་ཆེན་པོ་ལྔ་དང་གསང་སྔགས་བཅས་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་དགུ་པའི་ས་རྟ(༡༥༥༨)ལོ་ལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་དཔོན་ཡང་ཉིས་ལྕོགས་གནང༌། རབ་བྱུང་དགུ་པའི་མེ་སྟག(༡༥༦༦)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་བཀའ་ཕེབས་པ་ལྟར་དགའ་ལྡན་དགོན་ནང་དུ་ཡོད་པའི་སྡེ་པ་སྐྱིད་ཤོད་པའི་དཀྱིལ་ཁང་བདེ་བ་ཅན་ཞེས་པའི་ས་ཁུངས་དེར་ཤར་རྩེ་ནོར་བུའི་གླིང་གྲྭ་ཚང་གི་གྲྭ་ཁང་གསར་རྒྱག་དང༌། སྐྱིད་ཤོད་སྡེ་པས་བྲག་དཀར་ཁུལ་ནས་མཆོད་གཞིས་ཕོགས་ཀྱི་མཐུན་རྐྱེན་ས་ཞིང་སོགས་ཕུལ། གསང་ཕུ་ཉག་རོང་གྲྭ་ཚང་གི་སློབ་དཔོན་བློ་བཟང་བསྟན་འཕེལ་ཤར་རྩེ་གྲྭ་ཚང་གི་སློབ་དཔོན་དང༌། ཉི་སྡིངས་ཀྱི་སློབ་དཔོན་དུ་བསྐོ་གཞག་མཛད། རབ་བྱུང་བཅུ་པའི་ས་འབྲུག(༡༥༦༨)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཁྲི་ལོ་བདུན་སོང་མཚམས་དགའ་ལྡན་རྡོ་ཁང་དུ་ཟུར་བཞུགས་མཛད། རབ་བྱུང་བཅུ་པའི་མེ་གླང(༡༥༧༧)ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་ཕྱི་ལོ་ནས་ལོ་ཤས་རིང་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས། ཤར་རྩེ་གྲྭ་ཚང་གི་འདུ་ཁང་གསར་པའི་ལྡེབས་བྲིས་དང་སྤེན་རྒྱན་སོགས་ལེགས་གྲུབ་མཛད། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་མེ་བྱི(༡༥༧༦)ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཉེར་གསུམ་པ) རབ་བྱུང་དགུ་པའི་ལྕགས་འབྲུག (༡༥༢༠) ལོར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། མ་ཡུམ་གྱིས་སློབ་གཉེར་ཧུར་ཐག་བྱས་ནས་དགའ་ལྡན་ཁྲི་ཐོབ་པ་ཞིག་བྱེད་དགོས་ཞེས་མངགས་བྱ་ནན་ཏན་གནང་བ་ལྟར་ལྷ་སར་ཕེབས་ནས་གཞུང་ཆེན་ལྔ་དང་གསང་སྔགས་བཅས་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་དགུ་པའི་ས་རྟ (༡༥༥༨) ལོ་ལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་དཔོན་ཡང་ཉིས་ལྕོགས་གནང་། རབ་བྱུང་བཅུ་པའི་ས་འབྲུག (༡༥༦༨) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་བསྐོར། དགུང་ལོ་རེ་བདུན་པ་རབ་བྱུང་པའི་མེ་བྱི (༡༥༧༦) ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །

language:
Tibetan