- khri chen zha lu ba legs pa rgyal mtshan
- ID:
- T225546
- ཁྲི་ཆེན་ཞ་ལུ་བ་ལེགས་པ་རྒྱལ་མཚན (Tibetan, Tibetan script, Original)
- > khri chen zha lu ba legs pa rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen shya luwa lekpa gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་བཞི་པ་སྟེ། དགའ་ལྡན་ཁྲི་ཐོག་དང་པོ་རྗེ་ཙོང་ཁ་པ་དང༌། གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན། གསུམ་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་ཡིན་ནའང་ཡབ་སྲས་གསུམ་ལ་ཁྲི་ཆེན་ཞེས་ཆེ་བསྟོད་ཞུ་སྲོལ་མེད་སྟབས་འདིར་ཁྲི་ཆེན་ནང་སྒྲིག་ཐབས་དབེན་པས་དེའི་སྐོར་ཀ་མད་གོ་རིམ་ལྟར་ཁུངས་སོ་སོའི་ནང་གཟིགས)བྱུང་དྲུག་པའི་ཤིང་ཡོས(༡༣༧༥)ལོར་གཙང་ཞ་ལུར་འཁྲུངས། སྐུ་གཞོན་དུས་ཞ་ལུར་རབ་ཏུ་བྱུང་ཞིང༌། ཞ་ལུ་བ་གྲགས་པ་རྒྱལ་མཚན་དང༌། ཤངས་པ་ཀུན་མཁྱེན་ལ་སོགས་པ་བླ་མ་མང་དུ་བསྟེན་ནས་མཁས་པར་གྱུར། རྗེས་སུ་རྗེ་ཙོང་ཁ་པ་ཆེན་པོའི་ཞབས་དྲུང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང༌། སྐུའི་ཉེ་གནས་དང༌། གསོལ་ཐབ་པ་བཅས་ཡུན་རིང་མ། ཛད་ཅིང༌། རྗེས་སུ་མཆོད་གཡོག་དང༌། སྐུ་རིམ་གྱི་དབུ་མཛད་ཀྱང་མཛད། གདན་ས་ཆེན་པོ་དགའ་ལྡན་ཕྱག་བཏབ་རྗེས་ནས་མི་རིང་བར་དགེ་བསྐོས་མཛད་ཅིང༌། སྐབས་དེར་ཕྱག་བཞེས་ཀྱི་ཁྲིམས་རྒྱུག་ཁྲུ་ཀང་ལྷག་ཙམ་ཞིག་སྔོན་དུས་དགའ་ལྡན་གསེར་ཀོང་ཁང་ཚན་དུ་མཇལ་རྒྱུ་ཡོད། དེ་ནས་དབུ་མཛད་ཀྱང་རྒྱུན་རིང་གནང་ཞིང༌། མཁས་གྲུབ་རིན་པོ་ཆེ་དགོངས་པ་རྫོགས་རྗེས། ཞལ་སློབ་བགྲེས་པ་རྣམས་ཀྱིས་དགའ་ལྡན་གྱི་གདན་ས་མཛད་དགོས་པར་རེ་བསྐུལ་ཞུས་པ་བཞིན། དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བདུན་པའི་ས་ལུག(༡༤༣༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་སྦྲེ་བཅུ་གཉིས་ཀྱི་བར་དུ་བསྐྱངས་ཏེ། སློབ་མ་རྣམས་ལ་འཇིགས་བྱེད་ཀྱི་སྐོར་དང༌། མན་ངག་རྣམ་གསུམ་གྱི་ཁྲིད་ལ་སོགས་པ་འཆད་སྤེལ་དང༌། དགེ་འདུན་རྣམས་ཀྱང་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ལེགས་པར་བསྐྱངས༌པས་གདན་ས་དར་རྒྱས་ཆེན་པོ་བྱུང་ཞིང༌། རྗེའི་སྐུ་གདུང༌རིན་པོ་ཆེའི་ཡང་ཐོག་གི་རྒྱ་ཕིབས་བཞེངས་འཕྲོ་ཡང་མཇུག་འཁྱོངས་པར་མཛད། གསེར་ཐོག་གི་ཕུད་དུ་ལྷ་བཟོ་མཁས་ཅན་སྤྲུལ་སྐུར་གྲགས་པ་པདྲ་མཁར་པས་གསང༌འདུས། བདེ་མཆོག དུས་འཁོར་གསུམ་གྱི་གསེར་སྐུ་མི་ཚད་ཙམ་རེ་བཞེངས་པར་མཛད(འདི་དེ་སྔོན་ཁྲི་ཐོག་ཁང༌གི་གཟིམས་ཆུང་མདོར་ཡོད)གྲུབ་ཐོབ་ཐང་སྟོང་རྒྱལ་པོས༌འཕན་པོ་བྲག་རལ་གྱི་ལྕགས་ཟམ་འཛུགས་གནང་མཛད་སྐབས་དགའ་ལྡན་དགེ་འདུན་རྣམས་ཀྱིས་རྡོ་སྐྱེལ་འདྲེན་གྱི༌དང་བླངས་རོགས་སྐྱོར་གྱི་མིག་དཔེ་སྟོན་པར་མཛད་པས་ལྕགས་ཟམ་གྱི་ལས་གྲར་སྐུལ་ལྕག་ཆེན་པོ་ཐེབས་པ་བྱུང༌ནང་སོ་འཕྱོང་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་ལ་བུ་བརྒྱུད་གཏན་ནས་མ་བྱུང་བར་བརྟེན་སྐྱབས་འཇུག་ཞུས་པར། གཤིན་རྗེ་གཤེད་དམར་པོའི་སྒོ་ནས་སྲིད་སྤེལ་བའི་ཐབས་ཤེས་མཛད་པས་གདུང་རྒྱུད་ལ་རིམ་བཞིན་རྡོ་རྗེ་ཚེ་བརྟན་དང༌། དཔལ་འབྱོར་བཟང་པོ། ཧོར་བདུད་འདུལ་རབ་བརྟན་སོགས་གྲགས་པ་ཅན་གྱི་མི་སྣ་མང་དུ་བྱུང༌། དགུང་ལོ་དོན་དྲུག་པ་རབ་བྱུང་བདུན་པའི་ལྕགས་རྟ(༡༤༥༠)ལོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་གདུང་ཞུགས་སུ་ཕུལ་བའི་དབུ་ཀླད་ལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་རང་བྱུང་དུ་ཕེབས་པ་དངུལ་གདུང་གི་ནང་རྟེན་དུ་བཞུགས་པ། ཕྱིང་གུར་ཆེན་མོའི་ནང་ཁྲི་ཆེན་ཆོས་གྲགས་བཟང་པོའི་དངུལ་གདུང་གི་གཡས་ངོས་སུ་བཞུགས། ལོ་རྒྱུས་འདི་ལས་རྒྱས་ཙམ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི<<འཇིགས་བྱེད་ཆོས་འབྱུང>>ལྷ་ས་ཞོལ་དཔར་མའི་ཤོག་གྲངས༡༧༧ནས༡༧༩བར་གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ཡབ་སྲས་གསུམ་ལ་ཁྲི་ཆེན་ཞེས་ཆེ་བསྟོད་ཞུ་སྲོལ་མེད་སྟབས་འདིར་ཁྲི་ཆེན་ནང་སྒྲིག་ཐབས་དབེན་པས་དེའི་སྐོར་ཀ་མད་གོ་རིམ་ལྟར་ཁུངས་སོ་སོའི་ནང་གཟིགས། རབ་བྱུང་དྲུག་པའི་ཤིང་ཡོས (༡༣༧༥) ལོར་གཙང་ཞ་ལུར་འཁྲུངས། དགུང་ལོ་དྲུག་ཅུ་རེ་ལྔ་རབ་བྱུང་བདུན་པའི་ས་ལུག (༡༤༣༩) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་བསྐྱངས་ཏེ། དགུང་ལོ་དོན་དྲུག་པ་རབ་བྱུང་བདུན་པའི་ལྕགས་རྟ (༡༤༥༠) ལོར་དགོངས་པ་གཞན་དོན་དུ་གཤེགས།
- language:
- Tibetan