- khri chen yang steng pa blo bzang chos 'phel
- ID:
- T225547
- ཁྲི་ཆེན་ཡང་སྟེང་པ་བློ་བཟང་ཆོས་འཕེལ (Tibetan, Tibetan script, Original)
- > khri chen yang steng pa blo bzang chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen yang tengpa lo zang chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ཞེ་བདུན་པ)རབ་བྱུང་བཅུ་གཅིག་པའི་ལོ་འགོ་ཙམ་དུ་མདོ་ཁམས་ཁུལ་གྱི་འདབས་ཡང་སྟེང་དགོན་དང་ཉེ་བར་ས་སྨད་རྒྱལ་པོའམ་དབང་ངེས་དཔོན་ཚང་དུ་གྲགས་པའི་རིགས་རུས་ཀྱི་རྒྱུད་དུ་སྐུ་བལྟམས། སྐུ་ན་ཆུང་དུས་འདབས་ཡང་སྟེང་དགོན་གྱི་སྒྲིགས་སུ་ཞུགས་ཀྱང་ཐུགས་ལ་དབུས་གཙང་གི་གྲྭ་ས་ཆེན་པོར་སོང་ནས་མདོ་སྔགས་ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་བྱེད་རྒྱུ་བྱུང་ན་ཅི་མ་རུང་དགོངས་ནས་ཡོད་མུར། རྐྱེན་གཞན་དག་གིས་ཀྱང་བསྐུལ་ཏེ་དབུས་སུ་ཕེབས། ཐོག་མར་དགའ་ལྡན་གདན་ས་ཆེན་པོའི་ཤར་རྩེ་གྲྭ་ཚང་གི་སྒྲིགསྭ་ཞུགས་ནས་ལོ་ཤས་སློབ་གཉེར་མཛད་ཅིང་བཞུགས་མུས་སུ་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་སློབ་གཉེར་འདི་འདྲ་དགོས་པ་མི་འདུག་དགོངས་ཏེ་གྲྭ་སའི་སྒྲིགས་ནས་འཐེན་ཐོག་ཕ་ཡུལ་གྱི་དབེན་གནས་ཤིག་ལ་སྒྲུབ་པ་ཉམས་ལེན་ཞིག་བྱེད་དགོངས་ཏེ་དབུས་སྟོད་འབྲི་གུང་བར་དུ་ཕེབས་ནས་སྔོན་ཆད་སློབ་གཉེར་བྱས་པ་ལ་དགོས་པ་བྱུང་ཨེ་འདུག་དགོངས་ནས་ཐུགས་བསམ་བཞེས་པ་ན། རང་མཉམ་གཞན་དག་གི་སློབ་གཉེར་བྱེད་ཚུལ་དང་མི་འདྲ་བའི་གོ་རྟོགས་བཟང་པོ་བྱུང་ཡོད་པ་མཁྱེན་ནས་སླར་ཡང་སློབ་གཉེར་མུ་མཐུད་ནས་གནང་འདོད་ཀྱིས་ཕེབས་ཀྱང༌། སྐབས་འཕྲལ་དགའ་ལྡན་གྱི་སྒྲིགས་ཁོངས་ནས་འཐེནཏེ་ཉིན་ཤས་ལས་མོ་སོང་བར་བརྟེན་སེར་སྨད་གྲྭ་ཚང་དུ་ཞུགས་ཏེ་ཕར་ཕྱིན་གྱི་མཇུག་ནས་བཟུང་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་མཛད་དེ་དགེ་བཤེས་མཚན་བཏགས་ཀྱང་ཐོན། དེ་རྗེས་རྒྱུད་སྟོད་དུ་མཁན་ཆེནོ་འདུན་གྲགས་པ་དང༌། མཁན་ཆེན་བློ་བཟང་དགེ་ལེགས་སོགས་བླ་མར་བསྟེན་ནས་གསང་སྔགས་ཀྱི་སྐོར་ལ་དབང༌། ཁྲིད། ལག་ལེན་བཤད་པ་སོགས་ཆ་ཚང་བར་གསན་ཅིང་བྱང་ཆུབ་པར་མཛད། ཞར་ལ་བླ་མ་བཟང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། རིང་པོར་མ་སོང་བར་གྲྭ་དམངས་ཀྱི་འདོད་མོས་བཞིན་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དེའི་རིང་འཇམ་དཔལ་རང་བཞིན་མའི་དབྱངས་བཀའ་རྒྱ་མ་དང༌། མགོན་ཆོས་གཉིས་ཀྱི་དབྱངས་གསར་པ་ཁག་བཞི་གསར་གཏོད་ཀྱི་དབྱངས་ཡིག་ཀྱང་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ལུག(༡༦༩༡)ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ཤིང༌། མི་རིང་བར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ཏེ་འཆད་༡ན་དང་གཏོང་སྒོ་སོགས་ཡར་རྒྱས་བཟང་འགྲན་ལྟ་བུར་མཛད་མུས་སུ་མངའ་རིས་མཐོ་ལྡིང་དགོན་གྱི་མཁན་པོར་ཕེབས། དེར་ལོ་ཤས་བཞུགས་རིང༌། ལམ་རིམ་བློ་སྦྱོང༌། དབང༌། ལུང༌། བཤད། ཁྲིད་སོགས་གང་ལ་གང་འཚམས་པའི་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། གསོད་ངེས་ཀྱི་མི་དང་དུད་འགྲོ་མང་པོའི་སྲོག་སྐྱོབ་པ་དང༌། དབུལ་ཕོངས་རྣམས་ལ་ནར་མ་དང་འཕར་མའི་སྦྱིན་གཏོང༌། ཡི་གེ་དང༌། རྩིས་དང༌། སྨན་སོགས་ཐ་སྙད་རིག་གནས་ཀྱི་སློབ་སྦྱོང་ལ་བསྐུལ་མ། སྡེ་འབངས་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་དགོས་པའི་བཀའ་སློབ་སོགས་ཡང་ཡང་གནང་བས། མངའ་རིས་དང་ལ་དྭགས་ཁུལ་གྱི་དཔོན་འབངས་མང་པོས་དམ་པ་ཉིད་སྐུ་ཚེའི་རིང་མངའ་རིས་ཁུལ་དུ་བཞུགས་འཇགས་ཡོང་བའི་རེ་བསྐུལ་ས་གནས་སྲིད་གཞུང་དང་རྗེ་ཉིད་ལ་ནན་ཏན་ཆེན་པོས་ཞུས་པར་བརྟེན། ཁྲི་ཆེན་བསམ་བློ་བ་སྦྱིན་པ་རྒྱ་མཆོ་ཁྲི་ལོ་གསུམ་ལས་མ་བཞུགས་པར་སྐུ་གཤེགས་པའི་རྗེས་སུ་དགའ་ལྡན་ཁྲི་ལ་ཕེབས་རེས་རྗེ་འདི་ཡིན་ཀྱང་ཁྲི་ལ་ཕེབས་མ་ཐུབ་པར་མངའ་རིས་སུ་ལོ་བཞི་བཞུགས་པའི་རིང་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས་ཀྱིས་དགའ་ལྡན་ཁྲི་ཚབ་མཛད་དགོས་བྱུང༌། དེ་ནས་རབ་བྱུང་བཅུ་གཉིས་པའི་ས་ཡོས(༡༦༩༩)ལོར་གཞུང་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་གསེར་ཁྲིར་འཕྲལ་དུ་ཕེབས་དགོས་པའི་བཀའ་བྱུང་བ་བཞིན་དབུས་སུ་ཕེབས་ནས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ལ་མཇལ་འཕྲད་འབུལ་རྟེན་གྱ་ནོམ་པ་ཕུལ་འིང་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་གཅིག་ལྷག་ཙམ་ནས་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་འབུལ་ཞུས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཞིག་བཞེངས་པ་ཡངས་པ་ཅན་གྱི་བླ་མ་ལྷ་ཁང་ནང་བཞུགས་ཡོད། དམ་པ་དེའི་རྣམ་ཐར་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པ་དཔར་མ་ལ་གྲངས་བཅུ་བཞི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ཞེ་བདུན་པ) རབ་བྱུང་བཅུ་གཅིག་པའི་ལོ་འགོ་ཙམ་དུ་མདོ་ཁམས་ཁུལ་གྱི་འདབས་ཡངས་སྟེང་དགོན་དང་ཉེ་བར་ས་སྨད་རྒྱལ་པོའམ་དབང་ངེས་དཔོན་ཚང་དུ་གྲགས་པའི་རིགས་རུས་ཀྱི་རྒྱུད་དུ་སྐུ་བལྟམས། རབ་བྱུང་བཅུ་གཉིས་པའི་ས་ཡོས (༡༦༩༩) ལོར་གཞུང་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་གསེར་ཁྲིར་འཕྲལ་དུ་ཕེབས་དགོས་པའི་བཀའ་བྱུང་བ་བཞིན་དབུས་སུ་ཕེབས་ནས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་། པཎ་ཆེན་རིན་པོ་ཆེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ལ་མཇལ་འཕྲད་འབུལ་རྟེན་གྱ་ནོམ་པ་ཕུལ་ཞིང་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་གཅིག་ལྷག་ཙམ་ནས་དགོངས་པ་མྱ་ངན་ལས་འདས།
- language:
- Tibetan