- khri chen ye shes thar 'dod
- ID:
- T225549
- ཁྲི་ཆེན་ཡེ་ཤེས་ཐར་འདོད (Tibetan, Tibetan script, Original)
- > khri chen ye shes thar 'dod (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen yeshe tar dö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་དོན་གཅིག་པ)ཀོང་པོ་འབྲུ་ལ་ཁུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་འཁྲུངས། དགུང་ལོ་བཅུ་བཞི་པ་ས་གླང(༡༧༦༩)ལོར་ལྷ་སར་ཕེབས། སེར་སྨད་གྲྭ་ཚང་དང་ཀོང་པོ་ཁང་ཚན་དིུཆོས་ཞུགས་གནང་སྟེ་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་སོ་ལྔ་པ་ལྕགས་ཁྱི(༡༧༩༠)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་གནང༌། ལོ་དེའི་དགུན་ཐོག་ཏུ་རྒྱུད་སྟོད་དུ་ཞུགས། ལོ་ཤས་རིང་གསང་སྔགས་ཀྱི་གཞུང་དང༌། ལག་ལེན་དབང་ཁྲིད་ལ་སོགས་པ་བྱང་ཆུབ་པར་མཛད། དགུང་ལོ་ཞེ་གཉིས་པ་མེ་སྦྲུལ(༡༧༩༧)ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དེའི་ཕྱི་ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས། དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་བཞི་པའི་མེ་བྱི(༡༨༡༦)ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། ཤར་པ་ཆོས་རྗེའི་འཆར་ཅན་གྱི་མཛད་སྒོ་དུས་ཐོག་གནང་བ་ལས། ཀོང་པོ་འབྲུ་ལ་དགོན་དུ་རྒྱུན་བཞུགས་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་དེ་གའི་ས་བྱི(༡༨༢༨)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་གཅིག་སོང་མཚམས་སུ་སྐུ་གཤེགས། རྣམ་ཐར་སྐོར། དགའ་ལྡན་ཐེ་བོ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པ་དཔར་མ་ལ་ཤོག་གྲངས་བཅུ་བཞི་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་དོན་གཅིག་པ) ཀོང་པོ་འབྲུ་ལ་ཁུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི (༡༧༥༦) ལོར་འཁྲུངས། དགུང་ལོ་དོན་གསུམ་པ་རབ་བྱུང་དེ་གའི་ས་བྱི (༡༨༢༨) ལོར་དགའ་ལྡན་ཁྲིར་ཕེབས་ནས་ལོ་གཅིག་སོང་མཚམས་སུ་སྐུ་གཤེགས།
- language:
- Tibetan