Skip to main content Skip to search
khri chen ye shes dbang ldan
ID:
T225550
  • ཁྲི་ཆེན་ཡེ་ཤེས་དབང་ལྡན (Tibetan, Tibetan script, Original)
    • > khri chen ye shes dbang ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen yeshe wangden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་གོ་གསུམ་པ)མདོ་ཁམས་མི་ཉག་གི་ཡུལ་དན་འབག་ཨ་མེས་ཚང་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང༌། ཀཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཨང་དང་པོར་ཐོན། རྒྱུད་སྟོད་དུ་ཞུགས་ནས་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ(༡༩༣༣)ལོར་དགའ་ལྡན་གྱི་ཁྲིར་ཕེབས། གནོད་བྱེད་མི་མ་ཡིན་གདུག་པ་ཅན་ཚར་གཅོད་པའི་ནུས་པ་ཁྱད་པར་ཅན་མངའ་ཚུལ་ངག་རྒྱུན་དུ་ཡོད། དགའ་ལྡན་གྱི་ཁྲི་མཐར་ཕྱིན་ནས་ལོ་བཞིའི་བར་བཞུགས་ཏེ་བསྟན་རྒྱས་གླིང་དུ་སྐུ་གཤེགས། དེའི་ཡང་སྲིད་རིམ་བཞི་བཙག་སེར་ཁང་པའི་སྲས་སུ་འཁྲུངས་ནས་དེང་སྐབས་ཕྱི་རྒྱལ་དུ་བཞུགས་སྐད་ཐོས། ཁྲི་ཆེན་འདིའི་རྣམངཐར་ཟུར་འཁོད་ཀྱི་ཡིག་ཆ་ད་ཕན་མ་མཐོང་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་གོ་གསུམ་པ) མདོ་ཁམས་མི་ཉག་གི་ཡུལ་དན་འབག་ཨ་མེས་ཚུང་དུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ (༡༩༣༣) ལོར་དགའ་ལྡན་གྱི་ཁྲིར་ཕེབས། གནོད་བྱེད་མི་མ་ཡིན་གདུག་པ་ཅན་ཚར་གཅོད་པའི་ནུས་པ་ཁྱད་པར་ཅན་མངའ་ཚུལ་ངག་རྒྱུན་དུ་ཡོད། དགའ་ལྡན་གྱི་ཁྲི་མཐར་ཕྱིན་ནས་ལོ་བཞིའི་བར་བཞུགས་ཏེ་བསྟན་རྒྱས་གླིང་དུ་སྐུ་གཤེགས།

language:
Tibetan