Skip to main content Skip to search
khri chen ye shes bzang po
ID:
T225551
  • ཁྲི་ཆེན་ཡེ་ཤེས་བཟང་པོ (Tibetan, Tibetan script, Original)
    • > khri chen ye shes bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen yeshe zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་བཅུ་པ)མདོ་ཁམས་སྟོད་ལྡན་མའི་ཡུལ་དུ་རབ་བྱུང་བདུན་པའི་ཤིང་ལུག(༡༤༡༥)ལོར་འཁྲུངས། དབུས་སུ་བྱོན་ནས་འབྲས་སྤུངས་སུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་སོན་ནས། དགེ་བཤེས་གླིང་བསྲེའི་གྲྭ་སྐོར་མཛད(འདི་ནི་འབྲས་སྤུངས་སུ་དགེ་བཤེས་གླིང་བསྲེའི་གྲྭ་སྐོར་བྱུང་བའི་ཐོག་མ་ཡིན)འཇམ་དབྱངས་ཆོས་རྗེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། བློ་གསལ་གླིང་གི་འཆད་ཉན་སློབ་དཔོན་མཛད་པས་སློབ་གཉེར་འཕེལ་རྒྱས་ཆེན་པོ་བྱུང༌། དགའ་ལྡན་ཤར་རྩེའི་ཁྲིར་ཕེབས་ཏེ་དེའི་རིང་བཙུན་མོ་ཚལ་དང༌། དབུས་སྟོད་ཕག་མོ་ཆོས་སྡེ་ཡང་ཞོར་སྐྱོང་གནང༌། དགུང་ལོ་དོན་དགུ་པ་རབ་བྱུང་བརྒྱད་པའི་ཆུ་གླང(༡༤༩༣)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་དྲུག་རིང་བསྐྱངས། དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ས་རྟ(༡༤༩༨)ལོར་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས་ཙམ་ལས་མི་སྣང་བས་འདིར་ཆ་ཚང་བར་བཀོད་ཡོད་ལགས། ཁྲི་ཆེན་འདར་སྟོན་བློ་བཟང་གྲགས་པ། (དགའ་ལྡན་ཁྲི་ཐོག་བཅུ་གཅིག་པ)གཙང་སྟོད་འདར་ཡུལ་དུ་རབ་བྱུང་བདུན་པའི་ས་བྱ(༡༤༢༩)ལོར་འཁྲུངས། འདར་ཆོས་རྫོང་དགོན་པར་རབ་ཏུ་བྱུང་ནས་བསྡུས་གྲྭར་སློབ་གཉེར་མཛད། དབུས་སུ་བྱོན་ནས། མཁན་ཆེན་དཔལ་བློ་བ་དང༌། ཆོས་རྗེ་རབ་འབྱམས་པ། ཁྲི་ཆེན་བ་སོ་བ། འབྲོམ་བཙུན་ཤེར་འབྱུང་བློ་གྲོས་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་གསན་རྒྱ་ཆེ། དབུས་སྟོད་ཐང་སྐྱ་དགོན་པ་དང་བདེ་ཆེན་གསང་སྔགས་མཁར་གཉིས་སུ་རྣམ་འགྲེལ་གཙོ་བོར་གྱུར་པའི་འཆད་ཉན་མཛད། རིམ་བའིན་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་ཆོས་ཡང་ཡང་གསུངས་པས་སློབ་མ་མཁས་གྲགས་ཅན་མང་དུ་བྱུང༌། དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་སྤྲེལ(༡༥༠༠)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་བཅུ་གཉིས་རིང་ལེགས་པར་བསྐྱངས། དགུང་ལོ་གྱ་གསུམ་པ་རབ་བྱུང་དགུ་པའི་ལྕགས་ལུག(༡༥༡༡)ལོར་སྐུ་གཤེགས། ལོ་རྒྱུས་མདོར་བསྡུས། པཎ་ཆེན་བསོད་ནམས་གྲགས་པས་མ། ཛད་པའི<<བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཉིད་ཀྱི་མཛེས་རྒྱན>>ལས་གསལ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅུ་པ) མདོ་ཁམས་སྟོད་ལྡན་མའི་ཡུལ་དུ་རབ་བྱུང་བདུན་པའི་ཤིང་ལུག (༡༤༡༥) ལོར་འཁྲུངས། དགུང་ལོ་དོན་དགུ་པ་རབ་བྱུང་བརྒྱད་པའི་ཆུ་གླང (༡༤༩༣) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་དྲུག་རིང་བསྐྱངས། དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ས་རྟ (༡༤༩༨) ལོར་སྐུ་གཤེགས།

language:
Tibetan