Skip to main content Skip to search
khri chen rab brtan rgya mtsho
ID:
T225552
  • ཁྲི་ཆེན་རབ་བརྟན་རྒྱ་མཚོ (Tibetan, Tibetan script, Original)
    • > khri chen rab brtan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen rabten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བླ་བྲང་བཀྲཤིས་འཁྱིལགྱི་ཁྲི་ཐོག་བཅོ་བརྒྱད་པ་ཡིན། ཀླུ་ཤོད་ཕྱོགས་ཀྱི་གཡི་འེས་འབོད་པའི་ལུང་པར་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་(༡༧༢༣)ལོར་འཁྲུངས། ཆུང་དུས་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་མཛད་དེ། སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ཀྱི་དྲུང་ནས་བསྡུས་གྲྭ་གསན། ཁ་དོག་དཀར་དམར་གྱི་འཛིན་གྲྭ་གོང་མར་ཕེབས་སྐབས་དགེ་བསྐོས་གླིང་དོན་གྲུབ་རྒྱ་མཚོས་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས། དེ་ནས་རིགས་ལམ་གྱི་བགྲོ་གླེང་བཟང་བའི་མིག་དཔེར་འོས་པ་བྱུང༌། དཀའ་རམས་འཛིན་གྲྭ་ཐོན་ནས་ཀྱང་ལོ་བཅུ་བདུན་རིང་སྐྱོར་དཔོན་གནང༌། རྡོ་རམས་པའི་མཚན་བཏགས་ཐོན་ནས་རྒྱུད་གྲྭར་ཞུགས་ཏེ་གསང་སྔགས་ལ་ལེགས་པར་སྦྱངས་ཤིང༌། ཞར་ལ་སྨན་རྩིས་གཉིས་ཀྱང་སློབ་གཉེར་གནང༌། གཞན་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་བྲིས་ཐིག་ནས་མཆོད་གཏོར་བཅའ་བཟོ་ཡན་ཆད་མཐོང་བརྒྱུད་ཕྱག་ལེན་མཐའ་དག་ཞིབ་ཕྲ་མཁྱེན་པར་མཛད། དུས་འཁོར་གྲྭ་ཚང་གསར་འཛུགས་ཀྱི་ཆོས་ཐོག་གཉིས་པར་རྡོ་རྗེ་སློབ་དཔོན་གྱི་ཁྲིར་ཕེབས། གྲྭ་ཚང་གསར་ཚུགས་ཀྱི་གནས་ཚུལ་དང་མཐུན་པའི་སྐུལ་ལྕག་ཐབས་ལ་གང་མཁས་གནང་བས་འཕེལ་རྒྱས་ལེགས་པོ་བྱུང༌། སོག་ཡུལ་སུ་ཉིད་གཡོན་རུ་ཐའི་ཇི་ལས་སྐྱབས་ནས་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོར་ཡུལ་ཕྱོགས་དེར་ཕན་ཐོགས་ངེས་ཀྱི་བླ་མ་ཞིག་གཏོང་གནང་ཡོད་པ་ཞེས་རེ་སྐུལ་ཞུས་པར་དམ་པ་འདི་ཕེབས་དགོས་པའི་བཀའ་ཕེབས་ལྟར་དེ་ཕྱོགས་སུ་བྱོན་ནས་སྤྱི་སྒེར་གྱི་རྐྱེན་སེལ་རིམ་གྲོ་དང་ཆོས་འཆད་སྤེལ་སོགས་གང་ལ་གང་འོས་པའི་ཕན་འདོགས་འདོད་པ་ཁེངས་ངེས་མཛད། ལྕགས་བྱི(༡༧༨༠)ལོར་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས་མཛད། དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས(༡༧༨༣)ལོར་ཆོ། གས་ཆེན་གྱི་ཁྲིར་ཕེབས། ཤིང་འབྲུག་ལོར་འཇམ་དབྱངས་བཞད་པ་མཆོག་དབུས་གཙང་དུ་ཕེབས་ཁར་དབུ་གདུགས་སེར་པོ་དང་འབོབ་ལྕག་ཆ་གཅིག་གནང་ནས་སྐུ་ཚབ་ཏུ་བསྐོ་གཞག་མཛད། ལས་དོན་ཆེ་ཆུང་གང་འདྲ་ཞིག་སྒྲུབ་ཀྱང་ཚ་དྲག་དང་འཚབ་འཚུབ་རིགས་མེད་པར་ཐུགས་ལྷོད་ཆགས་པའི་སྒོ་ནས་བཀོད་སྒྲིག་འཕྱུགས་པ་མེད་པར་གནང་ཐུབ་པའི་ཁྱད་ཆོས་ཆེན་པོ་ཡོད་པ་ཞིག་ཡིན། དགུང་ལོ་རེ་ལྔ་པར་ཁྲིའི་དགོངས་ཞུ་གནང༌། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོར་གོང་འཕོ་མཛད་དེ་སྐུ་གཤེགས། ལོ་རྒྱུས་སྐོར<<བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན>>ལྕགས་དཔར་མའི་ཤོག་གྲངས༤༣༣ནས༤༤༢བར་གསལ།

language:
Tibetan

2. Thupten Phuntsok Dictionary

བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་ཐོག་བཅོ་བརྒྱད་པ་ཡིན། ཀླུ་ཤོད་ཕྱོགས་ཀྱི་གཡི་ཞེས་འབོད་པའི་ལུང་པར་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས (༡༧༢༣) ལོར་འཁྲུངས། དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས (༡༧༨༣) ལོར་ཚོགས་ཆེན་གྱི་ཁྲིར་ཕེབས། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི (༡༧༩༠) ལོར་གོང་འཕོ་མཛད་དེ་སྐུ་གཤེགས།

language:
Tibetan