Skip to main content Skip to search
khri chen rin chen 'od zer
ID:
T225553
  • ཁྲི་ཆེན་རིན་ཆེན་འོད་ཟེར (Tibetan, Tibetan script, Original)
    • > khri chen rin chen 'od zer (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen rinchen özer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གྲགས་བཟང་པོ་གསུམ་བྱུང་ངོ༌། །ལོ་རྒྱུས་སྐོར་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི<<འཇིགས་བྱེད་ཆོས་འབྱུང>>ལྷ་ས་ཞོལ་དཔར་མའི་ཤོག་གྲངས༢༡༤ནས་༢༡༥བར་གསལ། (ཞར་བྱུང་དོགས་གཅོད། གོང་གསལ་ཁྲི་ཆེན་འདིས་མཛད་པའི<<བསྟན་རྩིས་གསལ་བའི་སྒྲོན་མེ>>འདི་ཉིད་དེ་སྔོན་དཔར་དུ་མ་འཁོད་ཅིང༌། བྲིས་མ་དབུ་མེད་བཤུས་མ་ཡིག་གཟུགས་ལེགས་པ་ཞིག་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་ཡོད་པ་དེའི་ཤོག་གྲངས༩༨བར་དོན་གསུམ་པ་ས་སྤྲེལ་ལོའི་ཟླ་བ་དང་པོ་ཞེས་པའི་མཚམས་ནས་ཤོག་གྲངས༡༠༢པའི་ཚེས་གཅིག་ལ་སྤང་ས་སེ་བ་རོང་དུ་གཤེགས་ཞེས་པའི་བར་གྱི་དུམ་བུ་འདིའི་ནང༌། དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན་ནས་དགའ་ལྡན་ཁྲི་ཐོག་ཉི་ཤུ་རྩ་དགུ་པ་ཆོས་གཉེན་གྲགས་པའི་བར་དུ་གསལ་ཞིང༌། དེ་ནས་དགའ་ལྡན་བྱང་རྩེའི་གདན་རབས་དགའ་ལྡན་ཁྲི་ཐོག་སོ་གཅིག་པ་དམ་ཆོས་དཔལ་བཟང་བར། དེ་ནས་བདེ་ཆེན་གསང་སྔགས་མཁར་གྱི་གདན་རབས། དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོའི་བར་གསལ་བ་རྣམས་གཞན་ཞིག་གིས་བར་བཅུག་བྱས་པ་ལས་ཁྲི་ཆེན་རང་ཉིད་ཀྱི་གསུང་རྩོམ་དངོས་མིན་ནོ། )

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅུ་བཞི་པ) སྟོད་ལུང་མདའི་ཞིང་བཟང་དུ། རབ་བྱུང་བརྒྱད་པའི་ཆུ་བྱ (༡༤༥༣) ལོར་སྐུ་འཁྲུངས། དགུང་ལོ་བདུན་ཅུ་པ་རབ་བྱུང་དགུ་པའི་ཆུ་རྟ (༡༥༢༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་བདུན་སོང་མཚམས་ནས་པཎ་ཆེན་བསོད་ནམས་གྲགས་པ་ཁྲིར་བསྐོས་ཏེ་ཟུར་བཞུགས་མཛད། དགུང་ལོ་གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི(༡༥༤༠)ལོར་སྲས་ཁང་དགོན་པར་སྐུ་གཤེགས།

language:
Tibetan