- khri chen sangs rgyas rin chen
- ID:
- T225555
- ཁྲི་ཆེན་སངས་རྒྱས་རིན་ཆེན (Tibetan, Tibetan script, Original)
- > khri chen sangs rgyas rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen sangye rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ཉེར་བདུན་པ)རབ་བྱུང་དགུ་པའི་ལྕགས་བྱི(༡༥༤༠)ལོར་མལ་དྲོ་ཀླ་ཀློའི་འབྲོག་སྡེར་འཁྲུངས། དགའ་ལྡན་ཤར་རྩེའམ་ཉག་རོང་གྲྭ་ཚང་དུ་སློབ་གཉེར་མཛད། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་པའི་མེ་སྤྲེལ་(༡༥༩༦)ལོར་གསེར་ཁྲིར་ཕེབས། ཁོང་ལ་ལྷ་རྩེ་དཔོན་པོར་གྲགས་པས་ལྷ་ཟུར་ཕུད་ལྔ་པའི་སྤྲུལ་པ་དང་བདུད་ཡིན་ཞེས་རྫུན་ལུང་བསྟན་པར་བརྟེན་ནས་ལོག་ལྟ་བྱས་པའང་བྱུང་མོད་ཀྱང༌། དགའ་ལྡན་ཁྲིའི་སྟེང་དུ་སྐྱེས་ཆེན་དམ་པ་མིན་པ་ཞིག་རྗེ་གཤིན་རྗེ་ཆོས་རྒྱལ་གྱིས་མི་འཇོག་གམ་སྙམ་ཞེས་བྱུང་ངོ༌། །གཞན་ཕྱོགས་པ་ཚོས་ཇི་ལྟར་སྨྲས་ཀྱང་རྗེ་ཡོན་ཏན་རྒྱ་མཚོའི་རབ་བྱུང་གི་མཁན་པོ་ཡང་མཛད། དགུང་ལོ་རེ་བཞི་པ་ཆུ་ཡོས(༡༦༠༣)ལོར་ཟུར་བཞུགས་མཛད་དེ་དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་པའི་ཆུ་བྱི(༡༦༡༢)ལོར་གཤེགས། (དགུང་གྲངས་དོན་བདུན་ལ་གཤེགས་ཟེར་བ་ཡང་སྣང)
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ཉེར་བདུན་པ) རབ་བྱུང་དགུ་པའི་ལྕགས་བྱི (༡༥༤༠) ལོར་མལ་དྲོ་ཀླ་ཀློའི་འབྲོག་སྡེར་འཁྲུངས། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་པའི་མེ་སྤྲེལ (༡༥༩༦) ལོར་གསེར་ཁྲིར་ཕེབས། དགུང་ལོ་རེ་བཞི་པ་ཆུ་ཡོས (༡༦༠༣) ལོར་ཟུར་བཞུགས་མཛད་དེ་དགུང་གྲངས་དོན་གསུམ་པ་རབ་བྱུང་བཅུ་པའི་ཆུ་བྱི (༡༦༡༢) ལོར་གཤེགས།
- language:
- Tibetan