- khri chen bsam gtan phun tshogs
- ID:
- T225556
- ཁྲི་ཆེན་བསམ་གཏན་ཕུན་ཚོགས (Tibetan, Tibetan script, Original)
- > khri chen bsam gtan phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen samten püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ང་བདུན་པ)དབུས་སྟོད་ཕག་མོ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག(༡༧༠༣)ལོར་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོར་སྦྱངས་པ་མཐར་ཕྱིན་པར་མཛད། དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ལ་སློབ་གཉེར་གནང༌། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་མེ་གླང(༡༧༥༧)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་ཕྱིན་པར་བསྐྱངས། ཁྲི་པའི་ལོ་དུས་ཐིམ་ནས་དབུས་སྟོད་ཕག་མོ་ཆོས་སྡེར་ཟུར་ཞུགས་མཛད། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག(༡༧༧༠)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་གོང་གསལ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ད]པར་ཤོག་གྲངས་བདུན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ང་བདུན་པ) དབུས་སྟོད་ཕག་མོ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག (༡༧༠༣) ལོར་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོར་སྦྱངས་པ་མཐར་ཕྱིན་པར་མཛད། རབ་བྱུང་བཅུ་གསུམ་པའི་མེ་གླང (༡༧༥༧) ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་ཕྱིན་པར་བསྐྱངས། ཁྲི་པའི་ལོ་དུས་ཐིམ་ནས་དབུས་སྟོད་ཕག་མོ་ཆོས་སྡེར་ཟུར་ཞུགས་མཛད། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག (༡༧༧༠) ལོར་སྐུ་གཤེགས།
- language:
- Tibetan