Skip to main content Skip to search
khri chen bsam blo sbyin pa rgya mtsho'am ngag dbang dpal bzang
ID:
T225557
  • ཁྲི་ཆེན་བསམ་བློ་སྦྱིན་པ་རྒྱ་མཚོའམ་ངག་དབང་དཔལ་བཟང (Tibetan, Tibetan script, Original)
    • > khri chen bsam blo sbyin pa rgya mtsho'am ngag dbang dpal bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen samlo jinpa gyatso am ngawang pal zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ)རྨ་ཆུའི་ཕྱོགས་ཀྱི་བིས་མདོར་འཁྲུངས། འབྲས་སྤུངས་སྒོ་མང་ནས་མཁས་པར་སྦྱངས། རྒྱལ་མཆོག་ལྔ་པ་ཆེན་པོ་ལས་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་ཁྲིད་ཟླ་ཆོས་སུ་རྒྱས་པར་ནོད་ནས་ལུང་སོགས་ཀྱི་གསན་རྒྱ་ཆེ། བཀའ་འགྱུར་གྱི་ལུང་དར་ཁྱབ་མཛད་པས་བཀའ་འགྱུར་བར་གྲགས། དེ་དུས་གངས་རིའི་ཁྲོད་ན་བླ་མ་འདི་ལུང་གསན་རྒྱ་ཆེ་བར་གྲགས། རྒྱུད་སྨད་དང་བྱང་རྩེ་བརྒྱུད་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ(༡༦༩༢)ལོར་གསེར་ཁྲིར་ཕེབས་ཀྱང་ལོ་ངོ་བཞི་ནས་གཤེགས་པར་གྱུར་ལ། སྐབས་དེར་ཤར་རྩེ་བློ་བཟང་ཆོས་འཕེལ་མངའ། ་རིས་མཐོ་ལྡིང་ཕྱོགས་དེར་རྒྱལ་བློན་རྣམས་ཀྱིས་ཡུན་རིང་བཞུགས་དགོས་ཚུལ་དང༌། གལ་ཏེ་གསེར་ཁྲིར་ཕེབས་བཤོལ་གང་མགྱོགས་ཀྱིས་ཕྱིར་ཕེབས་གནང་དབང་ཡང་བྱང་རྩེ་མངོན་དགའ་སྤྲུལ་སྐུ་གློ་བུར་གཤེགས་པས་བྱང་རྩེ་ནས་སྐབས་འཕྲལ་གསེར་ཁྲིར་ཕེབས་ཆོག་མེད་པར་འགོར་གཞི་ཡོང་བ་སོགས་ཀྱི་བཀག་ཆ་དང༌། ཤར་ཆོས་ཀྱང་དུས་ཐོག་ཏུ་ཕེབས་མིན་གྱིས་བར་སྟོང་ལུས་པར་སླར་ཡང་ཅོ་ནེ་ཚུལ་དར་གྱིས་ཤིང་ཕག་(༡༦༩༥)ལོ་ནས་ལོ་ལྔའི་བར་གསེར་ཁྲི་མཛད་ཅིང་དེའི་རིང་ལ་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་དབུ་བླ་མཛད་དེ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་འབུལ་བ་སོགས་ཀྱི་མཛད་རྗེས་ཆེ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ) Šབིས་མདོར་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ (༡༦༩༢) ལོར་གསེར་ཁྲིར་ཕེབས་ཀྱང་ལོ་ངོ་བཞི་ཐོག་ནས་གཤེགས་སོ།

language:
Tibetan