Skip to main content Skip to search
khri gnyan gzungs btsan
ID:
T225562
  • ཁྲི་གཉན་གཟུངས་བཙན (Tibetan, Tibetan script, Original)
    • > khri gnyan gzungs btsan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri nyen zung tsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྔར་བོད་རྒྱལ་ཉེར་དགུ་པ། ལྷ་ཐོ་ཐོ་རི་གཉན་བཙན་དང་ཡུམ་རྣོ་བཟའ་མང་དགའ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གཤེན་ཞང་ཞུང་ཚ་ལ་ཞེས་པས་མཛད། སྤྱི་ལོ༤༩༣པའི་ཆུ་བྱ་ལོར་རྒྱལ་སར་བཟུང་། རྒྱལ་པོས་རང་གི་མའི་མིང་པོ་ལ་ཞང་ཞེས་བོས་པས་དི་ཕྱིན་མའི་མིང་པོ་ལ་ཞང་སོ་ཞེས་འབོད་སྲོལ་བྱུང་། དེའི་གོང་ལ་ཞང་ལ་ཇོ་ཞེས་འབོད་སྲོལ་ཡོད་སྤྱི་ལོ་༥༡༦པའི་མེ་སྤྲེལ་ལོར་སྐུ་གཤེགས།

language:
Tibetan

2. smon lam tshig mdzod chen mo

སྔར་བོད་རྒྱལ་ཉེར་དགུ་པ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་བུ་ཡིན། རྒྱལ་པོ་དེའི་སྐབས་སུ་བོད་ཀྱི་ཞིང་ས་དང་འབྲོག་ས་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ཡུར་བུར་འབྲེལ་སྦྱོར་བྱས་ནས་དེའི་ཆུ་ཞིང་ཁ་ལ་འདྲེན་པའི་སྲོལ་བཙུགས།

language:
Tibetan