- khri steng dgon
- ID:
- T225563
- ཁྲི་སྟེང་དགོན (Tibetan, Tibetan script, Original)
- > khri steng dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri teng gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མིང་གཞན་རྒྱལ་པོ་ཁྲི་སྟེང་པད་དཀར་ཆོས་གླིང་ཟེར། རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ་༡༩༠༠ལོར་མཛོད་དགེའི་ཇ་དཀོན་མཆོག་ཟླ་བ་རྨ་ཆེན་གངས་ཀྱི་འདབས་ཐོ་ལེ་ཞེས་པའི་ས་དེར་མཚམས་བཞུགས་སྐབས། གནས་བརྟན་མི་ཕྱེད་པའི་ལུང་བསྟན་པ་ལ་བརྟེན་ནས་རྒྱལ་པོ་ཁྲི་སྟེང་ཞེས་པའི་ས་དེར་ཕེབས་ནས་དགོན་པ་འདི་བཏབས་ཞེས་གསལ་བར་བརྟགས་ན། དགོན་པ་འདེབས་དུས་དེ་མཚམས་ལ་བཞུགས་རྗེས་ཀྱི་ལོ་བཅུ་སྐོར་ཞིག་ན་ཡིན་ངེས། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩི་ཐང་རྫོང་ (ཞིན་ཧེ་རྫོང) ཁོངས་སུ་ཡོད།
- language:
- Tibetan