Skip to main content Skip to search
khri thang mgur mo
ID:
T225565
  • ཁྲི་ཐང་མགུར་མོ (Tibetan, Tibetan script, Original)
    • > khri thang mgur mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri tang gurmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཚོང་འདུས་མགུར་མོ)དེསྔོན་དུས་རབས་བཅུ་པའི་དུས་དཀྱིལ་དུ་དབུས་གཙང་གི་མཁས་པ་མི་བཅུས་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་བྲུམ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་དགེ་སློང་ཞུས་ནས་བོད་དུ་ཕེབས་པའི་ནང་ནས་སྔ་ཤོས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་འཁྲུངས་ཡུལ་གཙང་གི་མགུར་མོ་རབ་ཁ་ནས་ཡིན་པས་ཁོང་གིས་བོད་དུ་ཕེབས་ཁར་མཆེད་གྲོགས་གཞན་དག་རྣམས་ལ་ཁྱེད་རྣམས་གནས་སྐབས་བོད་དུ་མ་ཕེབས་པར་མདོ་སྨད་འདིར་བཞུགས། ངས་སྔོན་ལ་དབུས་གཙང་དུ་འགྲོ་བའི་ཆོང་པ་རྣམས་དང་མཉམ་དུ་སོང་ནས་བོད་དབུས་གཙང་དུ་ཆོས་དར་སྤེལ་ཐུབ་པ་འདུག་ན་ང་ཕྱིར་མ་ལོག་པར་དབུས་གཙང་དུ་བསྡད་ཀྱི། དེ་ཙམ་ན་ཁྱེད་རྣམས་ཡར་ཕེབས། གལ་ཏེ་དབུས་གཙང་དུ་ཆོས་དར་སྤེལ་བྱེད་མ་ནུས་ན་ང་ཡང་ཚོང་པ་དང་མཉམ་དུ་མདོ་སྨད་འདིར་ཕྱིར་ལོག་ཡོང་རྒྱུ་ཡིན་གསུངས་ནས་ཚོང་པ་དང་མཉམ་དུ་དབུས་གཙང་ལ་ཕེབས། ཁོང་རྣམས་སུམ་འཕྲང་དུ་སླེབས་མཚམས་ཆོང་པ་རྣམས་དེ་གར་ཚོང་བྱས་ནས་མདོ་སྨད་དུ་ལོག་རྩིས་བྱེད་སྐབས། ལོ་སྟོན་གྱིས་ཁྱེད་རྣམས་འདི་ནས་མ་ལྡོག་པར་གཙང་དུ་སོང་ལ་མགུར་མོ་རབ་ཁར་སླེབས་ཚེ་ངའི་ཕ་ལོ་ནད་ཙུག་ན་ཟེར་བ་ཞིག་ཡོད་པ་དེ་ལ་ང་དབུས་ན་འདུག་ཅེས་ལན་སྐྱོལ་ཞེས་མངགས་ཏེ་དབུས་གཙང་དུ་བཏང༌། ཚོང་པ་རྣམས་ཀྱིས་ཀྱང་ཁོང་གིས་གསུངས་པ་ལྟར་བྱས་པས་ཚོང་ཡང་ལེགས་པོ་བྱུང༌། དེ་ནས་བཟུང་གཙང་གི་མགུར་མ་རབ་ཁར་ཆོང་འདུས་ཆགས་པའི་མིང་ལ་ཚོང་འདུས་མགུར་མོ་ཟེར། (འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་འགའ་ཞིག་གིས་དེང་སང་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་མར་རྐྱང་ཆུས་སུ་ཡོད་ཟེར། འགའ་ཞིག་གིས་གཙང་གི་ཞ་ལུ་དགོན་པ་དང་ཐག་ཉེ་སར་ཡོད་ཟེར)དེ་སྔོན་བོད་ཀྱི་གསེར་དངུལ་ལྗིད་ཚད་ཐང་གཞི་ཡང་ཚོང་འདུས་མགུར་མོའི་ཁྲོམ་རའི་རིན་ཐང་གི་ཚད་གཞིར་བཟུང་ནས་ཆོས་ཁྲིམས་དང་སྲིད་གཞུང་གི་ཁྲིམས་ཡིག་ནང་བརྐུས་པ་འཇལ་གྱི་ཁྲིམས་ཡིག་སྐོར་བཤད་སྐབས་ཚོང་འདུས་མགུར་མོའི་གསེར་དངུལ་དང་འབྲུ་རིགས་ཀྱི་རིན་ཐང་རྩི་བར་བཤད། ཞིབ་པར་སྔ་རབས་བོད་ཀྱི་མཁས་པ་ཚོས་མཛད་པའི་འདུལ་བའི་འགྲེལ་པ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་<<ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ>>དང་དེའི་དྲིས་ལན་བཅས་སུ་གསལ་ཞིང༌། ཚོང་འདུས་མགུར་མོའི་ལོ་རྒྱུས་ནི<<ཆོས་འབྱུང་མཁས་པའི་དགའ་སྟོན>>ལེ་ཚན[ཉ]པའི་ཤོག་གྲངས༥ནས༦བར་གསལ་བའི་གནད་བསྡུས་བྱས་སོ།

language:
Tibetan

2. Thupten Phuntsok Dictionary

(ཚོང་འདུས་མགུར་མོ) དེ་སྔོན་དུས་རབས་བཅུ་པའི་དུས་དཀྱིལ་དུ་དབུས་གཙང་གི་མཁས་པ་མི་བཅུས་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་བྲུམ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་དགེ་སློང་ཞུས་ནས་བོད་དུ་ཕེབས་པའི་ནང་ནས་སྔ་ཤོས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་འཁྲུངས་ཡུལ་གཙང་གི་མགུར་མོ་རབ་ཁ་ནས་ཡིན་པས་ཁོང་གིས་བོད་དུ་ཕེབས་ཁར་མཆེད་གྲོགས་གཞན་དག་རྣམས་ལ་ཁྱེད་རྣམས་གནས་སྐབས་བོད་དུ་མ་ཕེབས་པར་མདོ་སྨད་འདིར་བཞུགས། ངས་སྔོན་ལ་དབུས་གཙང་དུ་འགྲོ་བའི་ཚོང་པ་རྣམས་དང་མཉམ་དུ་སོང་ནས་བོད་དབུས་གཙང་དུ་ཆོས་དར་སྤེལ་ཐུབ་པ་འདུག་ན་ང་ཕྱིར་མ་ལོག་པར་དབུས་གཙང་དུ་བསྡད་ཀྱི། དེ་ཙམ་ན་ཁྱེད་རྣམས་ཡར་ཕེབས། གལ་ཏེ་དབུས་གཙང་དུ་ཆོས་དར་སྤེལ་བྱེད་མ་ནུས་ན་ང་ཡང་ཚོང་པ་དང་མཉམ་དུ་མདོ་སྨད་འདིར་ཕྱིར་ལོག་ཡོང་རྒྱུ་ཡིན་གསུངས་ནས་ཚོང་པ་དང་མཉམ་དུ་དབུས་གཙང་ལ་ཕེབས། ཁོང་རྣམས་སུམ་འཕྲང་དུ་སླེབས་མཚམས་ཚོང་པ་རྣམས་དེ་གར་ཚོང་བྱས་ནས་མདོ་སྨད་དུ་ལོག་རྩིས་བྱེད་སྐབས། ལོ་སྟོན་གྱིས་ཁྱེད་རྣམས་འདི་ནས་མ་ལྡོག་པར་གཙང་དུ་སོང་ལ་མགུར་མོ་རབ་ཁར་སླེབས་ཚེ་ངའི་ཕ་ལོ་ནད་ཙུག་ན་ཟེར་བ་ཞིག་ཡོད་པ་དེ་ལ་ང་དབུས་ན་འདུག་ཅེས་ལན་སྐྱོལ་ཞེས་མངགས་ཏེ་དབུས་གཙང་དུ་བཏང་། ཚོང་པ་རྣམས་ཀྱིས་ཀྱང་ཁོང་གིས་གསུངས་པ་ལྟར་བྱས་པས་ཚོང་ཡང་ལེགས་པོ་བྱུང་། དེ་ནས་བཟུང་གཙང་གི་མགུར་མ་རབ་ཁར་ཚོང་འདུས་ཆགས་པའི་མིང་ལ་ཚོང་འདུས་མགུར་མོ་ཟེར། (འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་འགའ་ཞིག་གིས་དེང་སང་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་མར་རྐྱང་ཆུས་སུ་ཡོད་ཟེར། འགའ་ཞིག་གིས་གཙང་གི་ཞ་ལུ་དགོན་པ་དང་ཐག་ཉེ་སར་ཡོད་ཟེར) དེ་སྔོན་བོད་ཀྱི་གསེར་དངུལ་ལྗིད་ཚད་ཐང་གཞི་ཡང་ཚོང་འདུས་མགུར་མོའི་ཁྲོམ་རའི་རིན་ཐང་གི་ཚད་གཞིར་བཟུང་ནས་ཆོས་ཁྲིམས་དང་སྲིད་གཞུང་གི་ཁྲིམས་ཡིག་ནང་བརྐུས་པ་འཇལ་གྱི་ཁྲིམས་ཡིག་སྐོར་བཤད་སྐབས་ཚོང་འདུས་མགུར་མོའི་གསེར་དངུལ་དང་འབྲུ་རིགས་ཀྱི་རིན་ཐང་རྩི་བར་བཤད། ཞིབ་པར་སྔ་རབས་བོད་ཀྱི་མཁས་པ་ཚོས་མཛད་པའི་འདུལ་བའི་འགྲེལ་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་དང་དེའི་དྲིས་ལན་བཅས་སུ་གསལ་ཞིང་། ཚོང་འདུས་མགུར་མོའི་ལོ་རྒྱུས་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསལ།

language:
Tibetan