Skip to main content Skip to search
khri thang dz+nyA nas bkod pa'i rnam par thar pa
ID:
T225566
  • ཁྲི་ཐང་ཛྙཱ་ནས་བཀོད་པའི་རྣམ་པར་ཐར་པ (Tibetan, Tibetan script, Original)
    • > khri thang dz+nyA nas bkod pa'i rnam par thar pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri tang jnané köpé nampar tarpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

<<ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར>>ཁོང་གི་དངོས་སློབ་ཁྲི་ཐང་པ་རྙོ་ནས་བརྩམས་པ་དེ་ཡིན། རྣམ་ཐར་འདི༌དཔར་སློག་བྱས་པའི་དཔེ་ཆ་ཞིག་ཕྱི་རྒྱལ་དུ་འགྲོ་སྐབས་ཁོ༌བོས་མཐོང་ཡང་བཤུ་མ་ཐུབ། (ཁ་བྱང་དུ<<བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དཀའ་སྤྱད་སྒྲོལ་མ་ཤེས་ཕྲེང་ལུ་གུ་རྒྱུད>>ཅེས་འཁོད་ཁྲི་ཐོག་ཁང༌། རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་ཕྱག་བཏབ་རྗེས་རྒྱུན་བཞུགས་གནང་ཡུལ་གྱི་གཟིམས་ཁང་ཡིན་པ་ལས་རྗེས་སུ་དགའ་ལྡན་ཁྲི་པ་རིམ་བྱུང་རྣམས་བཞུགས་ཡུལ་དེར་མ། ཛད་པས་ཁྲི་ཐོག་ཁང་དུ་གྲགས། གཟིམས་ཁང་དེའི་ནང་བློས་བསླངས་གསུམ་བཞེངས་པའི་ལུགས་ཕུད་དུ་བྱོན་པའི་དཔའ་བོ་འཇའ་ཚོན་མ་དང༌། ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་གསེར་སྐུ་རྣམས་སྤྲུལ་པའི་ལྷ་བཟོར་གྲགས་པ་སླེའུ་ཆུང་བས་བཞེངས་པ་ཤིན་ཏུ་བྱོན་གཙང༌། གཞན་ཡང་ལི་མའི་སྐུ་མང་པོ། རྗེ་ཙོང་ཁ་པ་རང་ཉིད་ཀྱི་རྒྱུན་གཟིགས་ཕྱག་དཔེ་ཁག་དང༌། ན་བཟའ་སྐུ་ཆོས་སོགས་ཆ་ཚང༌། བཞུགས་འབོལ། ཕྱག་དམ་དང་བཅས་པ། གཟིམས་ཕུག་འོད་གསལ་ཕུག་གི་ནང༌། ཕྱག་རྡོར་འཁོར་ཆེན་གྱི་བློས་བསླངས། ལྡེབས་བྲིས་ལ་རྗེའི་སྐུ་བརྙན་འོད་ཟེར་མར་གྲགས་པ་རྣམས་ཡོད་ཅིང༌། ཤར་ངོས་ཀྱི་ཕྱིར་རྡོ་གཅལ་ཆོས་གྲྭ་དང་བཅས་པ་ཡོད། སྔོན་དུས་ཁྲི་ཐོག་ཁང་གི་མཆོད་གཞིས་སུ་མལ་དྲོའི་ཀླུང་ཤོད་ཤེ་མ་གཞིས། དགའ་ལྡན་ལ་ཞོལ་གཙང་ཐོག་གཞིས། མལ་དྲོ་རྒྱལ་བཟང་གཞིས། ལྷས་ཆུ་དབར་གཞིས། སྡོང་པོ་གཞིས། འཕན་པོ་རྟ་མགོ་གཞིས། བདེ་ཆེན་བདེ་སྐྱིད་ཁང་གསར་གའིས་བཅས་ཡོད་པ་དེ་ཚོའི་ཡོང་འབབ་ཐོག་ནས་ཡངས་པ་ཅན་གྱི་མཆོད་རྒྱུན་སོགས་གཏོང་སྒོ་ཁག་མང་པོ་གཏོང་དགོས་ཡོད། ཁྲི་ཐོག་དགུ་བཅུ་པ་འབྲས་བློ་གླིང་ཀྲེ་བོ་བྱམས་པ་ཆོས་གྲགས་རིན་པོ་ཆེ་ནས་དགའ་ལྡན་དགོན་གྱི་དགེ་འདུན་མང་པོ་སྟོན་དུས་སུ་གྲོང་གསེབ་ཁག་ལ་ཞིང་ལས་ཀྱི་གླ་མིར་ཕེབས་ཏེ་སློབ་གཉེར་འཐུས་ཤོར་ཆེན་པོ་འགྲོ་བ་སྔོན་འགོག་ཆེད་དགའ་ལྡན་ཁྲི་པའི་འཛིན་ཁོངས་མཆོད་གཞིས་ཁག་རྣམས་དགའ་ལྡན་སྟོན་ཆོས་གསར་འཛུགས་ཀྱི་མཐུན་རྐྱེན་དུ་གཙང་འབུལ་གནང་སྟེ་དགའ་ལྡན་སྟོན་ཆོས་ཆེན་མོ་གསར་འཛུགས་ཀྱིས་སློབ་གཉེར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

language:
Tibetan

2. Thupten Phuntsok Dictionary

ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར། ཁོང་གི་དངོས་སློབ་ཁྲིད་ཐང་པ་ཛྙ་ནས་བརྩམས་པ་དེ་ཡིན། (ཁ་བྱང་དུ་བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་དཀའ་སྤྱད་སྒྲོལ་མ་ཤེས་ཕྲེང་ལུ་གུ་རྒྱུད་ཅེས་འཁོད་འདུག) དུང་དཀར་རིན་པོ་ཆེ་ཕྱི་རྒྱལ་དུ་ཕེབས་དུས་དཔར་སློག་རྒྱབ་པའི་རྣམ་ཐར་མཐོང་བྱུང་ཡང་བཤུ་མ་ཐུབ་གསུངས་འདུག

language:
Tibetan